འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་13ཉིན།

༄༅།།རྨ་ཆུའི་ཆུ་འགོའི་རི་སྐྱེས་སྲོག་ཆགས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་13ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཆུ་རྩེད་ལ་རོལ་བའི་ཆུ་བྱ།
ཆུ་རྩེད་ལ་རོལ་བའི་ཆུ་བྱ།
     མི་དམངས་དྲ་བའི་འཕྲིན། དབྱར་གཞུང་དུ་གསར་འགོད་པ་ཡུལ་སྐོར་བཀག་རྒྱ་བཏང་ཟིན་པའི་གཙང་གསུམ་ཆུ་འགོའི་ལྟེ་བ་སྟེ་མཚོ་སྐྱ་རིང་དང་སྔོ་རིང་ལ་ཕྱིན་པ་ཡིན། དེའི་རྒྱུད་དུ་ཁྱུ་དང་ཁྱུ་བྱས་ནས་འཚོ་གནས་བྱས་ཡོད་པའི་ཆུ་བྱ་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་སྲོག་ཆགས་མཚོ་ནང་དུ་ཆུ་རྩེད་ལ་རོལ་བ་དང་། བྱ་རྒོད་མཁའ་ལ་ལྡིང་འཁོར་བྱེད་ལ། གཙོད་དང་རྐྱང་ཁྲ་སོགས་རྩྭ་ཐང་དུ་སོས་དལ་བག་ཕེབས་ཀྱིས་རྩྭ་ཟ་བཞིན་འདུག 
     ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་ཀྱིས་“གཙང་གསུམ་ཆུ་འགོ”ཡི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་རྣམ་གྲངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་རིམ་བཞིན་ལག་བསྟར་བྱས་པ་དང་། རྨ་ཆུའི་ཆུ་འགོའི་འབྲོག་པ་2000ཙམ་གནས་སྤོས་ཟིན་པ་དང་། རྨ་ཆུའི་ཆུ་འགོ་རུ་མིའི་རིགས་ཀྱིས་བྱེད་སྒོ་ནི་རིམ་བཞིན་ཇེ་ཉུང་དུ་བཏང་པས། སྐྱེས་ཁམས་ཁོར་ཡུག་ལ་ལེགས་བཅོས་བྱུང་བ་དང་། རི་སྐྱེས་སྲོག་ཆགས་མུ་མཐུད་དུ་ཇེ་མང་དུ་འགྱུར་བཞིན་ཡོད་ཅིང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་རི་སྐྱེས་སྲོག་ཆགས་རང་དབང་ངང་འཚོ་གནས་བྱེད་པའི་ཞིང་ཁམས་ཤིག ཏུ་གྱུར་འདུག 
ར་སྐོར་འགྲམ་གྱི་ཝ་མོ།
ར་སྐོར་འགྲམ་གྱི་ཝ་མོ། 
གྱང་འགོའི་རྒོད།
གྱང་འགོའི་རྒོད།
ཟས་འཚོལ་བཞིན་པའི་དགོ་བ།
ཟས་འཚོལ་བཞིན་པའི་དགོ་བ།
སྤང་ཐོག་གི་ཝ་ཕྲུག
སྤང་ཐོག་གི་ཝ་ཕྲུག