འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་8ཉིན།

༄༅།།མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་སྒ་ཇོ་བོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འཁྲབ་སྦྱོང་མཐོང་བ།  

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་08ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་ལ་རྟེན་འབྲེལ་ཞུ་ཆེད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་ཟླ་8ཚེས་8ཉིན་སྒ་ཇོ་བོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་སྤེལ་རྒྱུ་རེད། རིག་གནས་ཡུལ་སྐོར་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་ནས། གསར་འགོད་པས་ཁྲི་འདུ་རྫོང་གི་ཁེ་ལས་དང་བྱ་ལས་སྡེ་ཚན་དང་། སློབ་གྲྭ། སྒྱུ་རྩལ་ཚོགས་པ་སོགས་ཀྱི་མི་སྣ་རིམ་བཞིན་ཡུལ་དངོས་སུ་སླེབས་ནས། བྲེལ་བ་ཆེ་ཡང་གོ་རིམ་ལྡན་པའི་ངང་འཁྲབ་སྦྱོང་བྱེད་བཞིན་ཡོད་པ་མཐོང་།