འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་8ཉིན།

༄༅།།མཚོ་བོད་ས་མཐོ་རུ་འབུ་སྲིན་རིགས་ཁྲི་1ལྷག་ཡོད་པ། 

ཀྲུང་གོའི་མཚོ་བོད་ས་མཐོའི་འབུ་སྲིན་བགྲོ་གླེང་སྐབས་དང་པོ་ལྷ་ས་རུ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་08ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། གསར་འགོད་པས་ཀྲུང་གོའི་མཚོ་བོད་ས་མཐོའི་འབུ་སྲིན་བགྲོ་གླེང་སྐབས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་གསལ། མཚོ་བོད་ས་མཐོའི་འབུ་སྲིན་ལ་ཞིབ་འཇུག་ལོ་ངོ་130བྱས་རིང་། འབུ་སྲིན་སྡེ་ཚན་29དང་རིགས་ཚན་29ཁོངས་3515རིགས་10630གསར་རྙེད་བྱུང་ཡོད་པ་དང་། འབུ་སྲིན་མཁས་དབང་གིས་མཐོ་སྒང་འབུ་སྲིན་རིགས་ཁུལ་མ་ལག་དང་ས་ཁམས་རིག་པ། སྐྱེ་ཁམས་རིག་པ། འཕེལ་རིམ་བཅས་ཀྱི་ཐད་དུ་སྤེལ་བའི་དཔྱད་རྩོམ་600ལྷག་འདུག 
ཉིན་དེར། ཀྲུང་གོའི་མཚོ་བོད་མཐོ་སྒང་འབུ་སྲིན་བགྲོ་གླེང་སྐབས་དང་པོ་ལྷ་སར་སྤེལ་བ་དང་། ཀྲུང་གོའི་ཚན་རིག་ཞིབ་འཇུག་ཁང་གི་སྲོག་ཆགས་ཞིབ་འཇུག་ཁང་དང་། ཀྲུང་གོའི་ནགས་ལས་ཚན་རིག་སློབ་གླིང་གི་ཐོན་ཁུངས་འབུ་སྲིན་ཞིབ་འཇུག་ཁང་། ཧོ་པེ་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་སོགས་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གླིང་གི་རིགས་གཅིག་མཁས་པ་བཅས་ཀྱིས་དཔྱད་གཞི་23ཐད་ལ་དམིགས་ནས་སྙན་ཞུ་དང་བགྲོ་གླེང་བྱས་པ་རེད། 
    ཐེངས་འདིའི་བགྲོ་གླེང་ནི་བོད་ལྗོངས་རང་བྱུང་ཚན་རིག་དངོས་མང་བཤམས་སྟོན་ཁང་དང་། བོད་རང་སྐྱོང་ལྗོངས་མཐོ་སྒང་སྲོག་ཆགས་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་། ཚོགས་ཡུན་ཉིན་གཉིས་རེད། ཚོགས་འདུའི་རིང་། བོད་ལྗོངས་རང་བྱུང་ཚན་རིག་དངོས་མང་བཤམས་སྟོན་ཁང་དུ“ཚོན་མདོག་རྣམ་པར་བཀྲ་བའི་འབུ་སྲིན་གྱི་ཞིང་ཁམས”ཚན་རྩལ་ཁྱབ་སྤེལ་འགྲེམས་སྟོན་དང་། འབུ་སྲིན་ཚན་རྩལ་ཁྱབ་སྤེལ་བྱེད་སྒོའི་གཟའ་འཁོར་གྱི་ཕྱི་རོལ་ཏུ་ཉམས་སུ་མྱོང་བའི་བྱེད་སྒོ་སོགས་འབྲེལ་ཡོད་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་སྤྱི་དམངས་ཀུན་གྱིས་འབུ་སྲིན་གྱི་ཞིང་ཁམས་ལ་དོ་སྣང་བྱས་ནས་འདིའི་ཐད་ཀྱི་གསང་བ་འཚོལ་ཞིབ་བྱ་རྒྱུ་དེ་རེད།