འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་5ཉིན།

༄༅།།སི་ཁྲོན་འབར་ཁམས་ཀྱི་རྒྱ་རོང་སྐོར་བྲོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་
འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་05ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སི་ཁྲོན་འབར་ཁམས་ཀྱི་རྒྱ་རོང་སྐོར་བྲོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་
འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱི་སྐོར་བྲོའི་རིག་གནས་དུས་ཆེན་སྐབས་བརྒྱད་པ་དེ་ཟླ་8ཚེས་1ཉིན་འབར་ཁམས་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། རྔ་བ་རང་སྐྱོང་ཁུལ་གྱི་རྫོང་དང་གྲོང་ཁྱེར་གྱི་སྐོར་བྲོའི་འཐུས་མི་རུ་ཁག་13གྱི་རུ་མི་1693ཡིས་མཉམ་དུ་ཀྲུང་གོའི་སྐོར་བྲོའི་“འགྱུར་རྡོ་གསོན་པོ”འཁྲབ་སྟོན་བྱས་པ་རེད། ལོ་ཆེ་ཤོས་ཀྱི་བཁྲབ་སྟོན་པའི་ལོ་82ལ་སླེབས་ཡོད་ཅིང་། འབར་ཁམས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཁྲི་གཅིག་ལྷག་ཙམ་གྱིས་རྒྱ་བོད་སྐད་གཉིས་ཐོག་ནས་《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་གཞས་མཉམ་དུ་བླངས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་རོང་སྐོར་བྲོ་ནི་རྔ་བ་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་རིགས་ཀྱི་རྣམ་གྲངས་ཤིག་ཡིན།   འབར་ཁམས་ཀྱི་གདོད་མའི་རྒྱ་རོང་སྐོར་བྲོ་ནི་རྒྱ་རོང་བོད་རིགས་ཀྱི་མེས་པོ་ཚོའི་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་ལས་རིམ་འགྱུར་བྱུང་བ་ཞིག་ཡིན་ཞིང་།  སྐོར་བྲོའི་དུས་ཆེན་ཚང་མ་གྲོང་ཁྱེར་ཡོངས་དགའ་སྤྲོ་འཁོལ་བའི་དུས་ཆེན་ལ་འགྱུར་གྱི་ཡོད།
༄༅།།སི་ཁྲོན་འབར་ཁམས་ཀྱི་རྒྱ་རོང་སྐོར་བྲོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་
འགོ་ཚུགས་པ།