འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་1ཉིན།

༄༅།།བོད་ལྗོངས་སློབ་ཆེན་གྱིས་CBERབོད་ལྗོངས་ཁུལ་གྱི་ལས་དོན་འགོ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་01ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སློབ་ཆེན་གྱིས་CBERབོད་ལྗོངས་ཁུལ་གྱི་ལས་དོན་འགོ་བརྩམས་པ།
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་སློབ་ཆེན་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་“ཀྲུང་གོའི་མཐའ་མཚམས་ས་ཁུལ་གྱི་མི་རིགས་བརྟག་དཔྱད་ཞིབ་འཇུག་མཉམ་འབྲེལ(CBER)”གྱི་བོད་ལྗོངས་ཁུལ་གྱི་ལས་དོན་འགོ་བརྩམས་ཡོད། བོད་ལྗོངས་སློབ་ཆེན་གྱི་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐུབ་བསྟན་མཁས་གྲུབ་དང་། བོད་ལྗོངས་སློབ་ཆེན་གྱི་སློབ་གསོ་སློབ་གླིང་གི་སློབ་སྤྱི་གཞོན་པ་ཁྲེན་ཏུང་ཡ་སོ་སོས་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གི་སྣེ་ཁྲིད་དེ་ཆབ་མདོའི་འཇོ་མདའ་རྫོང་དང་། ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་སུ་ཉིན་7རིང་གི་ཆེད་དོན་བརྟག་དཔྱད་སྤེལ་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཆེད་དོན་བརྟག་དཔྱད་ཚོ་ཆུང་གིས་འཇོ་མདའ་རྫོང་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཚོ་ཨུ་ཡོན་ལྷན་ཁང་10ལྷག་ཙམ་གྱི་མི་སེར་ཁྱིམ་ཚང་200ལ་བསྐྱོད་ནས་ཕན་ཚུན་གླེང་མོལ་བྱ་རྒྱུ་དང་། ཡུལ་དངོས་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྒྱུས་མངའ་ཡོང་བ་བྱ་རྒྱུ་རེད།
     བརྟག་དཔྱད་ཚོ་ཆུང་གི་ཚོགས་གཙོ། བོད་ལྗོངས་སློབ་ཆེན་གྱི་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐུབ་བསྟན་མཁས་གྲུབ་ཀྱིས། རྣམ་གྲངས་འདིའི་དམིགས་ཡུལ་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་དང་།  སྤུས་ཚད་མཐོ་བའི་ཞིབ་འཇུག་སྙན་ཞུ་ཁག་ཅིག་གྲུབ་རྒྱུ། གཙོ་བོ་གནད་དོན་ཤེས་རྟོགས་བྱ་རྒྱུ་དང་། གནད་དོན་ཞིབ་འཇུག་བྱ་རྒྱུ། གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད་ཅེས་བརྗོད་པ་རེད།
【1】  【2】
༄༅།།བོད་ལྗོངས་སློབ་ཆེན་གྱིས་CBERབོད་ལྗོངས་ཁུལ་གྱི་ལས་དོན་འགོ་བརྩམས་པ།