འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅༎རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག”གི་བསམ་ཕྱོགས་ལ་བརྟེན་ནས་གློག་རྡུལ་སྲིད་དོན་སྤེལ་སྐྱོང་ལ་སྤྱི་འདོམས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་། རྒྱལ་ཁབ་གློག་རྡུལ་སྲིད་དོན་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་། ཀོང་ཏུང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་སྐབས་བཅུ་གསུམ་པའི་ཀྲུང་གོའི་གློག་རྡུལ་སྲིད་དོན་གླེང་སྟེགས་དང“གྲངས་འཛིན་སྲིད་གཞུང”མཐོ་རིམ་གླེང་སྟེགས་ཚེས21ཉིན་གྱི་སྔ་དྲོ་ཀོང་ཀྲོའུ་རུ་འགོ་ཚུགས་པ་དང་། རྒྱལ་ཁབ་གློག་རྡུལ་སྲིད་དོན་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཆིན་མེན་གྱིས་ཚོགས་འདུའི་ཐོག“རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག”གི་སྤྱི་ཡོངས་བསམ་ཕྱོགས་དང་བརྒྱུད་རིམ་ལྡན་པའི་བསམ་ཕྱོགས་ཀྱིས་གློག་རྡུལ་སྲིད་དོན་སྤེལ་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
     ཐེངས་འདིའི་གླེང་སྟེགས་ཀྱིས“སྲིད་གཞུང་གྲངས་འཛིན་ཅན་ཕྱོགས་སྒྱུར་ལ་སྐུལ་འདེད་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས《2019ལོའི་ཀྲུང་གོའི་གློག་རྡུལ་སྲིད་དོན་འཕེལ་རྒྱས་སྙན་ཞུ(རྒྱབ་ཤ་སྔོན་པོའི་དེབ)》དང《2019ལོའི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་འཕེལ་རྒྱས་ཀྱི་སྙན་ཞུ》 《2019ལོའི་སྒུལ་བདེ་སྲིད་དོན་ཞབས་ཞུའི་འཕེལ་རྒྱས་སྙན་ཞུ》 《2019ལོའི་ཞིང་ཆེན་རིམ་པའི་སྲིད་གཞུང་དང་གཙོ་གནད་གྲོང་ཁྱེར་གྱི་དྲ་རྒྱའི་སྲིད་དོན་ཞབས་ཞུའི་ནུས་པ་ཕྱོགས་གསུམ་པས་དཔྱད་དཔོག་དམིགས་ཚད་མ་ལག》བཅས་ཞིབ་འཇུག་གྲུབ་འབྲས་བཞི་ཁྱབ་བསྒྲགས་བྱས་པ་རེད།
     ཝང་ཆིན་མེན་གྱིས་རྒྱལ་ཁབ་ཀྱི་གློག་རྡུལ་སྲིད་དོན་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་དང་། སྲིད་གཞུང་གྲངས་འཛིན་ཅན་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་བཅས་ནི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དོན་འཁྱོལ་དང“གྲངས་འཛིན་ཀྲུང་གོ”མགྱོགས་མྱུར་འཛུགས་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆ་འཕྲིན་ཅན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། མིག་སྔར་བདེ་འཇགས་ཚོད་འཛིན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་སྔར་བས་མཐོང་ཆེན་བྱས་ཏེ“རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག”གི་སྤྱི་ཡོངས་བསམ་ཕྱོགས་དང་བརྒྱུད་རིམ་ལྡན་པའི་བསམ་ཕྱོགས་ལ་བརྟེན་ནས་གློག་རྡུལ་སྲིད་དོན་སྤེལ་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་ཀྱིས་གྲངས་གཞི་བཅོས་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་རྒྱུན་མཐུད་ཀྱི་གློག་རྡུལ་སྲིད་དོན་འཕེལ་རྒྱས་ཀྱི་སྣོད་བཅུད་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བརྗོད་པ་རེད།