འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་19ཉིན།

༄༅།།ཅིན་ཏུའུ་ནས་མེ་བརྒྱབ་པའི་གྱོད་དོན་ལས་མི་33ཤི་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཅིན་ཏུའུ་ནས་མེ་བརྒྱབ་པའི་གྱོད་དོན་ལས་མི་33ཤི་བ།
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཉི་ཧོང་གི་སྨྱན་སྦྱོར་གྱིས་ཅིན་ཏུའུ་གྲོང་ཁྱེར་མེ་གསོད་ཅུས་ཀྱི་གནས་འཕྲིན་དྲངས་ནས་སྤེལ་དོན། ཉིན་དེར་ཅིན་ཏུའུ་འགུལ་རིས་ལས་དོན་ཁང་ལ་མེ་བརྒྱབ་པའི་གྱོད་དོན་ལས་མི་33ཤི་བ་དང་། གཞན་ཡང་མི་35ལ་རྨས་སྐྱོན་ཕོག་ཡོད། ཅིན་ཏུའུ་སྲིད་གཞུང་གི་ཉེན་རྟོགས་ཕྱོགས་ཀྱིས་ཅུང་སྔ་ཙམ་ནས་བརྡ་ཁྱབ་སྤེལ་ཏེ་བཤད་དོན། ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡས་མས་སུ། ལོ་41ལ་སླེབས་པའི་སྐྱེས་པ་ཞིག་ཅིན་ཏུའུ་འགུལ་རིས་ལས་དོན་ཁང་དུ་བསྐྱོད་ནས། “རླངས་སྣུམ་དང་འདྲ་བའི་གཤེར་གཟུགས་གཏོར་”ཞིང་མེ་བརྒྱབ་པ་རེད། མེ་སྐྱོན་བྱུང་དུས་སུ། ལས་སྒྲུབ་མི་སྣ་70ཁང་པ་དེའི་བརྩེགས་རིམ་གསུམ་ཅན་གྱི་ཐོག་ཁང་དུ་ལས་ཀ་ལས་བཞིན་ཡོད། མེ་སྐྱོན་གྱིས་འབར་གས་བྱུང་བཅུག་པས་ཁང་པའི་ཐོག་བརྩེགས་གཉིས་པ་དང་གསུམ་པའི་ཤེལ་སྒོ་ཚང་མ་ཆག་པ་རེད། ཆུ་ཚོད་15ཡས་མས་སུ་མེ་གསོད་ཐུབ་ཡོད།