འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་8ཉིན།

༄༅།།སློབ་གསོ་པུས་ཁྱིམ་ལས་ཞབས་ཞུའི་ཤེས་ལྡན་མི་སྣ་གསོ་སྐྱོང་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་
ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་08ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཆེད་ལས་བཀོད་སྒྲིག་ཐད་མིག་སྔར་འབྲིང་རིམ་ལས་རིགས་དང་། མཐོ་རིམ་ལས་རིགས། དངོས་གཞིའི་ཚན་ཁག་དཀྱུས་མ་བཅས་ཀྱི་ཆེད་ལས་མིང་གཞུང་ནང་ཁྱིམ་ལས་ཞབས་ཞུ་དང་དོ་དམ་དང་ཁྱིམ་ལས་རིག་པ་སོགས་ཀྱི་འབྲེལ་ཡོད་ཆེད་ལས་བཅུ་གྲངས་བཙུགས་པ་དང་འབྲེལ་ཡོད་ཆེད་ལས་སྦྱོང་ས་3000ལྷག་ཙམ་བཙུགས་ཡོད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པའི་ཐད་ཚན་པ་62ཀྱིས་ཁྱིམ་ལས་ཞབས་ཞུའི་འབྲེལ་ཡོད་ཆེད་ལས་ལ་དམིགས་ཏེ་དེང་རབས་ཀྱི་དགེ་ཕྲུག་རྣམ་པའི་ཚོད་ལྟ་བྱས་པ་དང་ལས་རིགས་སློབ་གྲྭའི་རྒན་གསོའི་ཞབས་ཞུའི་རིགས་དང་བདེ་ཐང་ཞབས་ཞུའི་རིགས་ཀྱི་དཔེ་སྟོན་ཆེད་ལས་སྦྱོང་ས་141གིས་དཔེ་སྟོན་ཁྱབ་འགྱེད་ཀྱི་ནུས་པ་འདོན་བཞིན་ཡོད། ཤེས་ལྡན་པ་གདེང་འཇོག་བྱེད་སྟངས་སྒྱུར་བཅོས་ཐད་ལས་རིགས་སློབ་གྲྭ་དང་བཀོལ་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་ཀྱིས“སློབ་རྒྱུས་ལག་ཁྱེར་དང་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་འགའ་ཞིག་ཟུང་དུ་འབྲེལ་བའི”ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་ལག་ལེན་བསྟར་འགོ་ཚུགས་ཡོད། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། སློབ་གསོ་པུའི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སིའི་སི་ཀྲང་གཞོན་པ་ཤེ་ལི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དུ་འཚོགས་པའི་བརྡ་གཏོང་ཚོགས་འདུའི་ཐོག་སློབ་གསོ་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་དང་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཆེད་ལས་ཀྱི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྱིམ་ལས་ཞབས་ཞུའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་སོགས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
    ཤེ་ལི་ཡིས་སློབ་གསོ་པུས་ཁྱིམ་ལས་ཞབས་ཞུའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསོ་སྦྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁྱིམ་ལས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་ཧུར་ཐག་བྱེད་ཀྱི་ཡིན། ཆེད་ལས་བཀོད་སྒྲིག་ཐད་མིག་སྔར་འབྲིང་རིམ་ལས་རིགས་དང་། མཐོ་རིམ་ལས་རིགས། དངོས་གཞིའི་ཚན་ཁག་དཀྱུས་མ་བཅས་ཀྱི་ཆེད་ལས་མིང་གཞུང་ནང་ཁྱིམ་ལས་ཞབས་ཞུ་དང་དོ་དམ་དང་ཁྱིམ་ལས་རིག་པ་སོགས་ཀྱི་འབྲེལ་ཡོད་ཆེད་ལས་བཅུ་གྲངས་བཙུགས་པ་དང་འབྲེལ་ཡོད་ཆེད་ལས་སྦྱོང་ས་3000ལྷག་ཙམ་བཙུགས་ཡོད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པའི་ཐད་ཚན་པ་62ཀྱིས་ཁྱིམ་ལས་ཞབས་ཞུའི་འབྲེལ་ཡོད་ཆེད་ལས་ལ་དམིགས་ཏེ་དེང་རབས་ཀྱི་དགེ་ཕྲུག་རྣམ་པའི་ཚོད་ལྟ་བྱས་པ་དང་ལས་རིགས་སློབ་གྲྭའི་རྒན་གསོའི་ཞབས་ཞུའི་རིགས་དང་བདེ་ཐང་ཞབས་ཞུའི་རིགས་ཀྱི་དཔེ་སྟོན་ཆེད་ལས་སྦྱོང་ས་141གིས་དཔེ་སྟོན་ཁྱབ་འགྱེད་ཀྱི་ནུས་པ་འདོན་བཞིན་ཡོད། ཤེས་ལྡན་མི་སྣ་གདེང་འཇོག་བྱེད་སྟངས་སྒྱུར་བཅོས་ཐད་ལས་རིགས་སློབ་གྲྭ་དང་བཀོལ་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་ཀྱིས“སློབ་རྒྱུས་ལག་ཁྱེར་དང་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་འགའ་ཞིག་ཟུང་དུ་འབྲེལ་བའི”ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་ལག་ལེན་བསྟར་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས་མིག་སྔའི་ཁྱིམ་ལས་ཞབས་ཞུའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཆེད་ལས་བཀོད་སྒྲིག་དང་སློབ་ཁྲིད་ནང་དོན་སྦྲེལ་མཐུད་བྱེད་པའི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་མི་འདང་བ་དང་། གསོ་སྐྱོང་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་དགོས་པ། སློབ་གྲྭ་དང་ཁེ་ལས་དབར་གྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་དགོས་པ་སོགས་ཀྱི་གནད་དོན་ཡོད། གོམ་སྟབས་རྗེས་མར་སློབ་གསོ་པུས་ཆེད་ལས་ཀྱི་གྲུབ་ཆ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་གསོ་སྐྱོང་གི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དང་། ཞིང་ཆེན་རེར་རྩ་དོན་ཐོག་ཉུང་མཐར་ཡང་དངོས་གཞིའི་ཚན་ཁག་གི་མཐོ་སློབ་གཅིག་དང་ལས་རིགས་སློབ་གྲྭ་འགའ་ཤས་སུ་ཁྱིམ་ལས་ཞབས་ཞུའི་འབྲེལ་ཡོད་ཆེད་ལས་འཛུགས་ཐུབ་པ་བྱ་རྒྱུ། གཞན་ཡང་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་སློབ་གཞི་རྩོམ་སྒྲིག་སྣེ་ཁྲིད་དུ་བྱས་ཏེ་སྤུས་ལེགས་ཀྱི་སློབ་གཞི་མཁོ་འདོན་བྱེད་རྒྱ་ཆེ་རུ་བཏང་ནས་སློབ་གྲྭ་དང་ཁེ་ལས་ཀྱིས་རྒྱལ་སྤྱིའི་སྔོན་ཐོན་གྱི་གསོ་སྐྱོང་དང་གསོ་སྦྱོང་གི་ཉམས་མྱོང་ནང་འདྲེན་བྱེད་པ་དང་དཔེ་གཞིར་འཛིན་རྒྱུའི་སྒྲིག་འཛུགས་བྱ་རྒྱུ། ཐོན་ལས་དང་སློབ་གསོ་མཉམ་འདྲེས་བྱེད་ཟབ་ཏུ་བཏང་ནས་ཆ་རྐྱེན་འཛོམས་པའི་ཁྱིམ་ལས་ཁེ་ལས་ཀྱིས་ཁྱིམ་ལས་ཞབས་ཞུའི་རིགས་ཀྱི་ལས་རིགས་སློབ་གྲྭ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཁྱིམ་ལས་ཞབས་ཞུ་ཁ་ཐང་བའི་ཁྱབ་ཁོངས་སུ་ཐོན་སློབ་མཉམ་ལས་ཀྱིས་མཉམ་དུ་མི་སྐྱོང་བའི་རྣམ་གྲངས་དང་ལས་རིགས་སློབ་གསོའི་སློབ་གྲྭ་དང་ཁེ་ལས་དབར་གྱི་མཉམ་ལས་གཏིང་ཟབ་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་དམིགས་སུ་རྒྱབ་སྐྱོར་བྱས་ཏེ་ཁྱིམ་ལས་དཔེ་སྟོན་ཁེ་ལས་30ཡན་དང་འབྲེལ་ཡོད་སློབ་གྲྭ་50ཡན་གྱིས་ལས་རིགས་སློབ་གསོའི་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་ཞེས་བརྗོད་པ་རེད།