འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་4ཉིན།

༄༅།།ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ལྷན་གྱིས་ཨུ་ལྷན་གྱི་སྐབས་ལྔ་པའི་ཚོགས་འདུ་ཐེངས་
དང་པོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་04ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། དབང་དབྱང་གིས་ཚོགས་ཞུགས་མི་སྣ་དང་ཐུག་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་།
   ཟླ་7ཚེས་3ཉིན། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཁང་(བསྡུས་མིང་ལ་“ཀྲུང་གོའི་ཆོས་ལུགས་ཞི་བདེ”ཞེས་འབོད་རྒྱུ་)གི་སྐབས་ལྔ་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་ཞུགས་མི་སྣ་དང་ཐུག་འཕྲད་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
     དབང་དབྱང་གིས་ཚོགས་འདུ་བདེ་བླག་ངང་འཚོགས་པ་དང་“ཀྲུང་གོའི་ཆོས་ལུགས་ཞི་བདེ”ཡི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས། འདས་ཟིན་པའི་ལོ་ལྔའི་རིང་། “ཀྲུང་གོའི་ཆོས་ལུགས་ཞི་བདེ”ཡིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་ཁྱོན་ཡོངས་དང་མཐུན་པ་བྱས་པ། “མཛའ་བརྩེ་དང་།  ཞི་བདེ། འཕེལ་རྒྱས། མཉམ་ལས”ཀྱི་དམིགས་ཡུལ་ལ་བརྩི་སྲུང་ཞུས་པ། རང་འགུལ་ངང་རང་རྒྱལ་གྱི་ཆོས་དད་རང་མོས་ཀྱི་གནས་ཚུལ་དངོས་དྲིལ་བསྒྲགས་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་ལ་ཕན་པའི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་ཆེད་ལེགས་སྐྱེལ་ཆེན་པོ་འབུལ་ཡོད། “ཀྲུང་གོའི་ཆོས་ལུགས་ཞི་བདེ”དེ་རང་རྒྱལ་གྱི་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད་པ་རེད།