འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅།།རྒྱལ་ཁབ་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་སོགས་སྡེ་ཚན་གྱིས། ཞིང་ཆེན(ལྗོངས)
ལྔར་ལས་དོན་ཚོགས་ཆུང་མངགས་ནས་འབྲུབ་འགོག་ཉེན་སེལ་གེགས་སེལ་ལ་ཁྲིད་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན། འཕྲལ་སྡོམ་དོ་དམ་པུའུ་བཅས་ཀྱིས་ཉེ་ཆར་ཀོང་ཏུང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཧྥུའུ་ཅན། ཡུན་ནན་སོགས་ཞིང་ཆེན(ལྗོངས)ལྔར་ལས་དོན་ཚོགས་ཆུང་ལྔ་མངགས་ནས་ས་གནས་ལ་འབྲུབ་འགོག་ཉེན་སེལ་གེགས་སེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་གཞོགས་འདེགས་ཁྲིད་སྟོན་བྱས་པ་རེད།
    འཕྲལ་སྡོམ་དོ་དམ་པུའུ་ཡིས་དྲན་སྐུལ་བྱས་པར། ཚེས་17ནས་19ཉིན་བར་ཀུའེ་ཀྲོའུ་དང་། ཧྭ་ནན་གྱི་ནུབ་རྒྱུད། དེ་བཞིན་འབྲི་ཆུའི་དབུས་སྨད་རྒྱུད་བཅས་ལ་ཆར་པ་འབབ་རྒྱུ་ཡིན་ཞིང་། ཆར་ཆུས་ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་དང་། ཀོང་ཤིས་བྱང་རྒྱུད། ཧུའུ་ནན་ལྷོ་ནུབ་རྒྱུད། ཧྥུ་ཅན་ནུབ་བྱང་རྒྱུད་སོགས་ལ་ས་གཤིས་ཀྱི་གནོད་འཚེ་དང་། ཤྭ་འོད། གཙང་པོ་འབྲིང་ཆུང་རྒྱས་པ་བཅས་ཀྱི་ཉེན་ཁ་ཆེན་པོ་ཡོད་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲག་ཆར་འབབ་པའི་གནམ་གཤིས་ལ་ཞིབ་དཔྱད་ཚད་ལེན་དང་། སྔོན་བརྡ་གཏོང་བ། གནོད་འཚེ་དང་ཉེན་ཁར་གྲོས་མོལ་ཞིབ་གཅོད་བཅས་མུ་མཐུད་ཡག་པོ་བྱེད་དགོས།