འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།ཀྲུང་གོ་དང་ཨུ་རུ་སུའི་དངོས་མང་སྟོན་ཚོགས་སྐབས་དྲུག་པ་དངོས་སུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཧའར་པིན་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ནས་ཚེས་19ཉིན་བར་ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་འཚོགས་ཤིང་། སྐབས་འདིའི་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ཀྲུང་ཨུ་མཉམ་ལས་བྱེད། གོ་སྐབས་དང་། མི་མངོན་པའི་སྟོབས་ཤུགས། འབྱུང་འགྱུར”ཞེས་པ་དེ་ཡིན་ཞིང་། སྟོན་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་8.6ཡོད་པ་དང་ལེ་ལག་ཚང་བའི་བྱེད་སྒོའི་རྣམ་གྲངས་38མཉམ་དུ་གཉེར་རྒྱུ་མ་ཟད། རྒྱལ་ཁབ་དང་ས་ཁུལ་74ཡི་སྲིད་གཞུང་གི་དཔལ་འབྱོར་ཚོང་དོན་ཚོགས་པ་105དང་དེ་བཞིན་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་འཐུས་མི་ཚོགས་པ་དང་ཁེ་ལས་1764ཞུགས་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སྟོན་ཚོགས་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་སྒྲོམ་གཞིའི་ནང་གི་བྱེད་སྒོ་གལ་ཆེན་ཞིག་རེད་ལ། དུས་རབས་གསར་པའི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དོན་འཁྱོལ་དང་འཕེལ་རྒྱས་གཏོང་བའི་ཞིབ་ཕྲའི་མངོན་ཚུལ་ཞིག་དང་ཕྱོགས་གཉིས་པོའི་འབྲེལ་བའི་ངེས་གནས་གསར་པའི་མཐོ་ཚད་དང་ཡང་མཐུན་པ་ཞིག་རེད།
     ཀྲུང་གོ་ཕྱོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་21དང་ཨུ་རུ་སུ་ཕྱོགས་ཀྱི་ཀྲོའུ་དང་ཆུས་18སྟོན་ཚོགས་ལ་ཞུགས་སེམས་ཆེན་པོ་ཡོད་པ་དང་སྟོན་ཚོགས་ཀྱི་སྒྲོམ་གཞིའི་ནང་ཀྲུང་ཨུའི་ས་གནས་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་གཉེར་རྒྱུ་དང་ས་གནས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་། འཕེལ་རྒྱས་གསར་པ། ཕན་འབྲས་གསར་པ་བཅས་ཟམ་མི་ཆད་པར་ཐོན་ནས་གང་སར་མེ་ཏོག་བཞད་པ་ལྟ་བུའི་རྣམ་པ་བཟང་པོ་མངོན་རྒྱུ་རེད།