འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅༎རང་རྒྱལ་གྱི་དབྱར་འབྲུར་ལོ་ལེགས་ཡོང་ངེས་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་6ཚེས་12ཉིན་བར། རང་རྒྱལ་གྱི་དབྱར་འབྲུ་བརྒྱ་ཆ་བརྒྱད་ཅུ་ཙམ་བསྡུས་ཟིན་ཡོད། སྔོན་དཔག་ལྟར་ན་ཆ་སྙོམས་མུའུ་རེར་གྲོ་སྙེ་ཁྲི་37.36ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གྲོ་སྙེ་ཁྲི་0.48འཕར་བ། གྲོ་སྙེ་རེར་གྲོ་རྡོག་31.40ཡོད་པས་གྲོ་རྡོག་0.33འཕར་བ། གྲོ་རྡོག་ཆིག་སྟོང་གི་ལྗིད་ཚད་ལ་ཁེ་39.42ཟིན་པས་ཁེ་0.32འཕར་བ། སྔོན་དཔག་ལྟར་ན་མུའུ་རེར་ཐོན་འབབ་སྤྱི་རྒྱ་10མཐོ་རུ་ཕྱིན་པ་བཅས་རེད།
     འདི་ག་ཚགས་པར་ཁང་དུ་ཧོ་པེ་ཞིང་ཐའེ་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་དང་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དབྱེ་ཞིབ་བྱས་པར་གཞིགས་ན། ཟླ་6ཚེས་12ཉིན་བར་རང་རྒྱལ་གྱི་དབྱར་འབྲུ་བརྒྱ་ཆ་བརྒྱད་ཅུ་ཙམ་བསྡུས་ཟིན་ཡོད། འདི་ལོའི་དབྱར་འབྲུར་སླར་གསོའི་རང་བཞིན་གྱི་ཐོན་འཕར་བྱུང་བས་སླར་ཡང་ལོ་ལེགས་ཀྱི་ལོ་ཞིག་ཡིན་པ་དང་། དབྱར་བསྡུའི་པད་ཁའི་ཐོན་འབབ་ཀྱང་འཕར་ཡོད་པ་རེད།
     ཐོན་འབབ་གྲུབ་ཆའི་དམིགས་ཚད་ལ་བལྟས་ན། འདི་ལོའི་དབྱར་འབྲུའི་རྒྱ་ཁྱོན་བརྟན་ལ་མུའུ་རེའི་ཐོན་ཚད་ཀྱང་མཐོ་པོ་ཡོད། འདི་ལོའི་དབྱར་འབྲུའི་རྒྱ་ཁྱོན་མུའུ་དུང་ཕྱུར་4ཡོད་པ་དེ་ལོ་སྔོན་མ་དང་སྤྱིར་ན་མཚུངས་ཡོད། དབྱར་འབྲུའི་རིགས་གཙོ་བོ་ནི་གྲོ་ཡིན་པ་དང་། ཞིང་ནང་དུ་བརྟག་དཔྱད་དངོས་བྱས་པར་གཞིགས་ན། གྲོའི་ཐོན་ཚད་ཀྱི“རྒྱུ་རྐྱེན་གསུམ”ཚང་མ་འཕར་བའི་རྣམ་པ་མངོན་པ་དང་། སྔོན་དཔག་ལྟར་ན། ཆ་སྙོམས་མུའུ་རེར་གྲོ་སྙེ་ཁྲི་37.36ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གྲོ་སྙེ་ཁྲི་0.48འཕར་བ། གྲོ་སྙེ་རེར་གྲོ་རྡོག་31.40ཡོད་པས་གྲོ་རྡོག་0.33འཕར་བ། གྲོ་རྡོག་ཆིག་སྟོང་གི་ལྗིད་ཚད་ལ་ཁེ་39.42ཟིན་པས་ཁེ་0.32འཕར་བ། སྔོན་དཔག་ལྟར་ན། མུའུ་རེའི་ཐོན་འབབ་སྤྱི་རྒྱ་10འཕར་བ་རེད།
     ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་ཁུར་བས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་མང་ཤོས་སྟོན་འབྲུ་རེད། མིག་སྔར་སྟོན་འབྲུའི་རྒྱ་ཁྱོན་བརྟན་པོ་དང་སྐྱེས་འཚར་ཡག་པོ་ཡོད་པ་རེད། དེང་སྐབས་ཕྱོགས་གཅིག་ནས་དབྱར་བསྡུ་དབྱར་འདེབས་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྟོན་འབྲུའི་ཞིང་ནང་གཡོག་བྱེད་ལ་དོ་དམ་བྱས་ཏེ་གེགས་འགོག་གིས་ལོ་ལེགས་ཡོང་བར་དམིགས་དགོས་པ་དང་། ལྷག་དོན་དུ་མཚན་འཕུར་ཕྱེ་ལེབ་སོགས་ཀྱི་གནོད་འབུའི་གནོད་འཚེ་འགོག་བཅོས་དང་ཐན་ཞོད་གནོད་འཚེ་འགོག་ཟོན་ལ་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་དང་ཞིང་ལས་ལ་ལོ་ལེགས་ཡོང་གང་ཐུབ་བྱེད་དགོས་ཞེས་བཤད་པ་རེད།