འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅།།ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་འབྲུབ་འགོག་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2019ལོའི་ཟླ་6ཚེས་10ཉིན། ཀན་ཅང་གཙང་པོའི་སྟོད་རྒྱུད་དུ་དྲག་ཆར་བསྟུད་མར་བབས་པའི་ཤུགས་རྐྱེན་ཕོག་པས་ཀན་ཅང་དང་ཤ་ཅང་གཙང་པོའི་རྒྱུད་ཀྱི་ཆུ་ཁ་སྨི་43.7བར་རྒྱས་ནས་ཉེན་ཁའི་མཚམས་ཐིག་ལས་སྨི་2.2བརྒལ་ཡོད་པ་རེད། ཅང་ཤིས་ཅི་ཨན་གྲོང་ཁྱེར་ཤ་ཅང་རྫོང་པཱ་ཆིའུ་གྲོང་རྡལ་ལ་གནོད་འཚེ་ཕོག་པས་རྫོང་དེས་འཕྲལ་མར་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཉེན་ཁའི་གནས་སུ་གྱར་བའི་མི་བསྐྱབས་པ་དང་ཆབས་ཅིག རོགས་སྐྱོབ་དངོས་ཟོག་དུས་ཐོག་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྲད་ཡོད་པ་རེད། མིག་སྔར། རོགས་སྐྱོབ་བྱ་སྤྱོད་ད་དུང་སྤེལ་བཞིན་ཡོད།