འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅།།ཕྱི་འབྲེལ་པུའུ་ཡིས་ཁོ་རེ་ཡ་ཕྱེད་གླིང་གི་གནད་དོན་ནི་ད་དུང་ཆབ་སྲིད་ཀྱིས་ཐག་གཅོད་
དགོས་པའི་སྒྲོམ་གཞིའི་ནང་དུ་ལུས་ཡོད་པ་བརྗོད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་བསྟན་དོན། ཉེ་བའི་དུས་སྐབས་ཤིག་རིང་ལ་ཁོ་རེ་ཡ་ཕྱེད་གླིང་གི་ཞི་བའི་གྲོས་མོལ་གྱི་གོམ་སྟབས་ཅུང་ཙམ་ཇེ་དལ་ལ་སོང་ཡོད་ཀྱང་། ཕྱེད་གླིང་གི་གནད་དོན་ནི་ད་དུང་ཆབ་སྲིད་ཀྱིས་ཐག་གཅོད་དགོས་པའི་སྒྲོམ་གཞིའི་ཁོངས་སུ་ལུས་ཡོད། 
    ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ནས། གསར་འགོད་པ་ཞིག་གིས། དེ་རིང་ནི་ཁོ་རེ་ཡ་བྱང་མ་དངཨ་རིའི་འགོ་ཁྲིད་མཇལ་འཛོམས་བྱུང་ནས་ལོ་ངོ་གཅིག་འཁོར་བའི་ཉིན་རེད། ཉེ་ཆར། ཁོ་རེ་ཡ་བྱང་མ་དང་ཨ་རི་བར་གྱི་གླེང་མོལ་ལ་འཕེལ་རྒྱས་ཆེར་བྱུང་མེད་པ་འདྲ། ཀྲུང་གོས་རྒྱལ་ཁབ་དེ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བར་སེམས་ཁུར་བྱེད་བཞིན་ཡོད་དམ། ཕྱེད་གླིང་གི་གནོད་དོན་ཐག་གཅོད་པའི་མདུན་ལྗོངས་ཐད་ལ་སྔོན་དཔག་གང་འདྲ་ཡོད་དམ་ཞེས་དྲིས་པ་ལ། 
    ཀེང་ཧྲོང་གིས། ལོ་གཅིག་སྔོན་གྱི་དེ་རིང་གི་ཉིན་ལ།  ཁོ་རེ་ཡ་བྱང་མ་དང་ཨ་རིའི་འགོ་ཁྲིད་གཉིས་སིང་ཀ་ཕོར་འཇལ་འཛོམས་ཐོག་མ་བྱུང་བ་མ་ཟད། ད་དུང་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད།  ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཀྱིས་ཐག་གཅོད་པའི་འཕེལ་རིམ་ལ་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་བསྟན། 
    ཁོང་གིས། ཉེ་བའི་དུས་སྐབས་ཤིག་རིང་། ཕྱེད་གླིང་གི་ཞི་བའི་གྲོས་མོལ་གྱི་གོམ་སྟབས་ཇེ་དལ་ལ་སོང་ཡོད། ཡིན་ནའང་། ཁོ་རེ་ཡ་བྱང་མས་སྔར་བཞིན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁོ་རེ་ཡ་བྱང་མ་དང་ཨ་རི་ཕྱོགས་གཉིས་ཀས་གྲོས་མོལ་བརྒྱུད་ནས་གནད་དོན་ཐག་གཅོད་པའི་ཁ་ཕྱོགས་གཙོ་བོ་ལ་འགྱུར་བ་བྱུང་མེད་པས། ཕྱེད་གླིང་གི་གནད་དོན་ནི་སྔར་བཞིན་ཆབ་སྲིད་ཀྱིས་ཐག་གཅོད་དགོས་པའི་སྒྲོམ་གཞིའི་ནང་ལུས་ཡོད་པ་བསྟན། 
     “ཕྱེད་གླིང་གི་གནད་དོན་རྙོག་འཛིང་ཆེ་བས་དེ་མ་ཉིད་དུ་ཐག་གཅོད་ཐུབ་མི་སྲིད། ང་ཚོས་འབྲེལ་ཡོད་ཕྱོགས་ཁག་གིས་ཁ་ཕྱོགས་མི་འགྱུར་བ་དང་། འབྲེལ་བ་མཚམས་མི་འཇོག་པ། ཁ་ཕྱོགས་མཐུན་པའི་ཕྱོགས་སུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། ‘ཟུང་ལམ་མཉམ་སྐྱོད’ཀྱི་བསམ་བློ་དང་‘སྡེབ་གཅིག རིམ་དབྱེ། མཉམ་སྐྱོད’ཀྱི་རྩ་དོན་ལ་གཞིགས་ནས་མུ་མཐུད་གྲོས་མོལ་བྱས་ནས།  ཕྱོགས་སོ་སོའི་ལུགས་མཐུན་གྱི་དོ་ཁུར་ཆ་སྙོམས་སྒོས་ཐག་གཅོད་པ་དང་། མཐའ་མར་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་དང་ཞི་བདེ་རྒྱུན་སྲུང་མངོན་འགྱུར་ཡོང་བར་བྱ་རྒྱུ”རེ་བ་བྱེད་བཞིན་ཡོད་ཅེས་དང་། ཁོས་ཀྲུང་གོ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་གཅིག་ཏུ། མུ་མཐུད་དུ་འདིའི་ཕྱོགས་ལ་འབད་བརྩོན་དང་ལེགས་སྐྱེལ་འབུལ་ཕུལ་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བཤད།