འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་10ཉིན།

༄༅༎ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་སྣོད་བཅུད་ཞིང་ལས་ཀྱིས་འབབ་འཕར་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་10ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
མང་ཚོགས་ཀྱིས་དྲོད་ཁང་ཆེ་མོའི་ནང་ཤ་མོ་སྐྱེ་ཚུལ་ལ་ལྟ་བཞིན་ཡོད་པ།
མང་ཚོགས་ཀྱིས་དྲོད་ཁང་ཆེ་མོའི་ནང་ཤ་མོ་སྐྱེ་ཚུལ་ལ་ལྟ་བཞིན་ཡོད་པ།
     མི་དམངས་དྲ་བའི་འཕྲིན། 2015ལོར་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བེའུ་མདའ་ཤང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་པ་དང་།  མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་བེའུ་མདའ་ཤང་བེའུ་མདའ་གྲོང་ཚོའི་འཁོར་རྒྱུག་ཐུབ་པའི་སྣོད་བཅུད་ཞིང་ལས་དཔེ་སྟོན་རྟེན་གཞི་ཆུང་གྲས་བསྐྲུན་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རྟེན་གཞི་དེར་ཁ་རུབ་ཤང་གི་ཕག་པ་བརྒྱ་ཙམ་དང་། དམར་ཅན་ལའི་བྱ་དེ་2000ལྷག་ཙམ། སྤྱི་གནོད་མེད་པའི་སྔོ་ཚལ་དྲོད་ཁང་8བཅས་ཡོད་པས། ས་གནས་དེ་གའི་དུད་ཚང་དབུལ་པོ་18ཀྱི་མི་58ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།