འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་6ཉིན།

༄༅།།བཟོ་འཕྲིན་པུས་ཉེ་དུས་5Gཚོང་སྤྱོད་ལག་ཁྱེར་སྤྲོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་06ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། དེང་སྐབས་གོ་ལ་ཧྲིལ་པོའི་5Gཚོང་སྤྱོད་བཀོད་སྒྲིག་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། རང་བརྟེན་གསར་གཏོད་དང་སྒོ་དབྱེ་མཉམ་ལས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རང་རྒྱལ་གྱི་5Gཐོན་ལས་ལ་འགྲན་རྩོད་ཀྱི་ལེགས་ཆ་གཏོད་ཡོད། 5Gཡི་ཚད་གཞི་ནི་གོ་ལ་ཧྲིལ་པོའི་ཐོན་ལས་ལས་རིགས་ཀྱིས་ཐུན་མོང་ཐོག་ཞུགས་ནས་བཟོས་པའི་རྒྱལ་སྤྱིའི་གཅིག་གྱུར་ཚད་གཞི་ཞིག་ཡིན་པ་དང་། རང་རྒྱལ་གྱིས་གསལ་བསྒྲགས་བྱས་པའི་ཚད་གཞིས་དགོས་ངེས་ཁེ་བེད་བདག་ཐོབ་ཀྱིས་30%བཟུང་ཡོད། ལག་རྩལ་ཚོད་ལྟའི་དུས་མཚམས་སུ་ནོ་ཅི་ཡ་དང་། ཨེ་ལིས་ཤིན། ཀའོ་ཐུང་། དབྱིན་ཐེར་སོགས་ཕྱི་རྒྱལ་གྱི་ཁེ་ལས་མང་པོ་ཞུགས་ཡོད་པ་དང་ཕྱོགས་ཁག་གི་ཐུན་མོང་གི་འབད་བརྩོན་འོག་རང་རྒྱལ་གྱི་5Gལ་ཚོང་སྤྱོད་ཀྱི་རྨང་གཞི་ལྡན་ཡོད། ཉེ་ཆར། བཟོ་འཕྲིན་པུས་5Gཚོང་སྤྱོད་ལག་ཁྱེར་སྤྲོད་རྒྱུ་དང་རང་རྒྱལ་5Gཚོང་སྤྱོད་ཀྱི་དུས་སྐབས་སུ་སླེབས་རྒྱུ་རེད། ང་ཚོས་སྔར་རྒྱུན་བཞིན་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་རང་རྒྱལ་གྱི་5Gདྲ་རྒྱ་འཛུགས་སྐྲུན་དང་ཉེར་སྤྱོད་ཁྱབ་གདལ་ལ་ཧུར་ཐག་ཞུགས་ཏེ་རང་རྒྱལ་གྱི་5Gའཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་མཁན་རེད།