འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་5ཉིན།

༄༅༎ས་མཐོའི་རྒན་རྒོན་རིག་རྩལ་སྒྲོག་འགྲེལ་རུ་ཁག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་05ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འོད་ཟེར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་འབྲོག་ཤོག་གཞུང་ཤང་ཡེའུ་ཡུང་གྲོང་ཚོར་རྒན་རྒོན་རིག་རྩལ་སྒྲོག་འགྲེལ་རུ་ཁག་གིས་འཁྲབ་སྟོན་བྱས་པར་ཞིང་འབྲོག་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
     རྒན་རྒོན་རིག་རྩལ་སྒྲོག་འགྲེལ་རུ་ཁག་གིས་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཀྱི་ངལ་གསོའི་ཉིན་མོའི་གོ་སྐབས་དང་བསྟུན་ནས་རྫོང་གི་ཡུལ་སྲོལ་གླུ་གར་ཚོགས་པ་དང་མཉམ་དུ་སྒྲོག་འགྲེལ་བྱེད་སྒོ་ཡག་པོ་ཞིག་སྤེལ་རྒྱུའི་གྲ་སྒྲིག་བྱས་ཡོད།
     འཁྲབ་སྟོན་ལེའུ་ཞིག་མཇུག་འགྲིལ་རྗེས་ལོ་68ལ་སླེབས་པའི་སྒྲོག་འགྲེལ་རུ་ཁག་གི་ཁོངས་མི་ཨ་བྷོ་ཡིས་སྐད་དུང་བླངས་ནས་དབྱར་རྩྭ་དགུན་འབུ་འཐུ་སྐབས་ཡིད་གཟབ་བྱེད་དགོས་པའི་དོན་དག་སྒྲོག་འགྲེལ་བྱེད་འགོ་ཚུགས་པ། དེ་སྔ་ཡུན་རིང་ཤང་དང་གྲོང་རྡལ་དུ་ལས་ཀ་བྱས་ནས་རྒན་ཡོལ་ཞུས་པའི་ལས་བྱེད་པའི་གསོན་ཉམས་དོད་པའི་སྒྲོག་འགྲེལ་ལ་དེ་གར་ཡོད་པའི་མི་རྣམས་ཀྱི་དགའ་བསུ་ཐོབ་ཡོད།
     འཁྲབ་སྟོན་མཇུག་འགྲིལ་རྗེས་རྒན་རྒོན་སྒྲོག་འགྲེལ་རུ་ཁག་གི་རུ་དཔོན་བསོད་ཚེས“ནག་སེལ་གཤེད་བཅོམ”གྱི་སྐོར་བཤད། ཉེ་འགྲམ་གྱི་གང་དག་ནག་གཤེད་ཕྱོགས་གཏོགས་ཁོངས་སུ་ཚུད་པ་དང་། ཁོ་ཚོ་དང་ཇི་ལྟར་བྱས་ཏེ་འཐབ་རྩོད་བྱེད་དགོས་པ། གང་དུ་ཐེར་འདོན་བྱེད་དགོས་པ། རྫོང་གིས་ཇི་ལྟར་བྱས་ཏེ་རྡུང་རྡེག་གཏོང་བ་སོགས་སྒྲོག་འགྲེལ་བྱས་ཤིང་། གསོན་ཉམས་ལྡན་པའི་སྐད་ཆ་དེ་དག་དབྱར་རྩྭ་དགུན་འབུ་འཐུ་མཁན་ཚོས་གཟབ་ནན་ངང་ཉན་པ་རེད།
     “རྒན་རྒོན་རིག་རྩལ་སྒྲོག་འགྲེལ་རུ་ཁག་འདི་ནི་དང་ཐོག་མང་ཚོགས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་པ་ཞིག་རེད”ཅེས་ནང་ཆེན་རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་མཚན་བཟང་པོས་བཤད་ཅིང་། ཁོང་གིས་རྒན་རྒོན་རིག་རྩལ་ལས་དོན་པ་ཁག་གཅིག་གིས“ས་གནས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྔོག་འདོན་བྱ་ཆེད་རིག་རྩལ་སྒྲོག་འགྲེལ་རུ་ཁག་དེ་བཙུགས་པ་རེད། 2012ལོ་ནས་བཟུང་། ནང་ཆེན་རྫོང་ཨུད་དྲིལ་བསྒྲགས་པུས་མང་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་རྨང་གཞིའི་ཐོག་གདམ་གསེས་ཞིབ་ཚགས་བརྒྱུད་དམངས་ཁྲོད་ཀྱི་རིག་གནས་ལ་དགའ་པོ་ཡོད་མཁན་20བདམས་ནས་རིག་རྩལ་སྒྲོག་འགྲེལ་རུ་ཁག་དེ་བཙུགས་པ་རེད།
     རུ་ཁག་དེར“སྒྲིག་ཁོངས་དང་གླ་ཆ་མེད”རུང་། རུ་མི་ཚང་མས་ལྷག་བསམ་ཟོལ་མེད་ཀྱི་བསམ་པ་ཞིག་བཅངས་ནས་དྲག་ཆར་རླུང་འཚུབ་ཀྱི་དཀའ་ངལ་ལ་མ་འཛེམས་པར་སྒྲོག་འགྲེལ་གྱི་འཐབ་ས་དང་པོར་བསྐྱོད་ཀྱི་ཡོད། ཁོང་ཚོས“རིག་རྩལ་དང་དྲིལ་བསྒྲགས”ཟུང་དུ་འབྲེལ་བའི་བྱ་ཐབས་དང་གླུ་གར་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་དབང་འགུག་གི་ཡོད་པ་དང་ཁ་གསལ་ཞིང་གོ་བདེ་བའི་དྲིལ་བསྒྲགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་གི་ཡོད་པས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད།
     ད་ཆ་རྒན་རྒོན་རིག་རྩལ་སྒྲོག་འགྲེལ་རུ་ཁག་ནང་ལོ་ན་མཐོ་ཤོས་ནི་ལོ་70ལ་སླེབས་ཡོད་པ་དང་ཆུང་ཤོས་ནི་ལོ་45ལ་སླེབས་ཡོད། འོན་ཀྱང་ཁོང་ཚོ་སྔར་བཞིན་སྤྲོ་སེམས་འཕེལ་བ་ཞིག་ཡོད་པས། སྒྲོག་འགྲེལ་གྱི་དངོས་ཕན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད། སྒྲོག་འགྲེལ་བྱེད་སྒོ་ཐེངས་200ལྷག་ཙམ་ནང་སྔ་རྗེས་སུ་ཞུགས་པ་མ་ཟད། ནང་ཆེན་རྫོང་གི་ཚབ་བྱས་ནས་རིགས་ཁག་གི་རིག་རྩལ་སྐོང་འཁྲབ་ལ་ཞུགས་ཏེ་ས་མཐོའི་ཐོག་གི་འཁྲུག་ཆ་དོད་པའི“རིག་རྩལ་འཁྲབ་སྟོན་རུ་ཁག”ཅིག་ཏུ་གྱུར་ཡོད་པ་རེད།