འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་4ཉིན།

༄༅།།སློབ་གསོ་པུའུ་ཡིས་2019ལོའི་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་ཉེན་བརྡ་དང་པོ་ཁྱབ་
བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་04ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སློབ་གསོ་པུའུ་ཡིས་2019ལོའི་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་ཉེན་བརྡ་དང་པོ་ཁྱབ་
བསྒྲགས་བྱས།
      མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན། སློབ་གསོ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཞུའུ་མའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ་བསྟན་དོན། ཉེ་ཆར་ཀྲུང་གོའི་སློབ་མ་ཁག་ཅིག་ཨ་རི་ལ་སློབ་སྦྱོང་དུ་འགྲོ་བར་འགོག་རྐྱེན་འགའ་དང་འཕྲད་ཡོད། དེའི་ཐད་ལ་སློབ་གསོ་པུའུ་ཡིས་2019ལོའི་ཕྱི་རྒྱལ་དུ་སློབ་སྤྱོང་ལ་འགྲོ་བའི་ཉེན་བརྡ་ཨང་དང་པོ་གཏོང་རྒྱུ་ཐག་བཅད་ནས། རྒྱ་ཆེའི་སློབ་མ་དང་རིག་གནས་པ་ཚོ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་མ་སོང་གོང་ཉེན་ཁ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཆེ་རུ་གཏོང་རྒྱུའི་དྲན་སྐུལ་བྱས་ཡོད། 
     ཞུའུ་མའེ་ཡིས། ད་ལོ་ནི་ཀྲུང་གོ་དང་ཨ་རིས་འབྲེལ་བ་བཙུགས་ན་ལོ་ངོ་40འཁོར་བ་ཡིན་ཞིང་། ལོ་ངོ་40རིང་ཀྲུང་གོ་དང་ཨ་རིའི་སློབ་གསོའི་མཉམ་ལས་སྤེལ་རེས་གཞི་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་ཡོད་ལ། ཁྱབ་ཁོངས་ཀྱང་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར་ཡོད་པས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་གྲུབ་ཆ་གཙོ་བོར་གྱུར་ཡོད། ཉེ་ཆར་ཀྲུང་གོའི་སློབ་མ་ཁག་ཅིག་ཨ་རིར་སློབ་སྦྱོང་འགྲོ་བའི་ལམ་ཡིག་ལ་ཚོད་འཛིན་ཐེབས་པ་དང་། ལམ་ཡིག་ཞིབ་དཔྱད་དུས་ཡུན་ཇེ་རིང་དུ་བཏང་ཞིང་། ལམ་ཡིག་གི་དུས་ཚད་ཇེ་ཐུང་དུ་བཏང་བ་དང་དེ་བཞིན་ལམ་ཡིག་འགོག་ཚད་ཇེ་མཐོར་གྱུར་བའི་གནས་ཚུལ་བྱུང་བས། ཀྲུང་གོའི་སློབ་མ་ཨ་རི་ལ་རྒྱུན་ལྡན་དུ་སློབ་སྦྱོང་འགྲོ་བ་དང་ཨ་རི་ནས་སློབ་སྦྱོང་ལེགས་འགྲུབ་ཡོང་བ་ལ་ཤུགས་རྐྱེན་བཟོས་ཡོད། སློབ་གསོ་པུའུ་ཡིས་རྒྱ་ཆེའི་སློབ་མ་དང་རིག་གནས་པ་ཚོ་ཕྱི་རྒྱལ་ལ་མ་སོང་གོང་ཉེན་ཁ་དཔྱད་དཔོག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཉེན་ཁ་འགོག་པའི་འདུ་ཤེས་ཇེ་ཆེར་གཏོང་དགོས་པ་དང་། དེ་དང་བསྟུན་པའི་གྲ་སྒྲིག་ལེགས་པོ་བྱེད་རྒྱུའི་དྲན་སྐུལ་བྱས་ཡོད། 
༄༅།།སློབ་གསོ་པུའུ་ཡིས་2019ལོའི་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་ཉེན་བརྡ་དང་པོ་ཁྱབ་
བསྒྲགས་བྱས།