འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་21ཉིན།

༄༅།།མཚོ་སྔོན་པོར་དབྱར་གྱི་དུས་བྱ་འབོར་ཆེན་བབས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་21ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་པོར་དབྱར་གྱི་དུས་བྱ་འབོར་ཆེན་བབས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་5སླེབས་པ་ནས་བཟུང་། མཚོ་སྔོན་པོ་རུ་དབྱར་གྱི་དུས་བྱ་འབོར་ཆེན་བབས་ཤིང་། ཆུ་གནས་བྱ་རིགས་ཁྲི་3ལྷག་གནས་དེར་བབས་ཡོད། མིག་སྔར། མཚོ་སྔོན་པོར་དབྱར་གྱི་དུས་བྱ་ཁྱུ་ཚོགས་ནི་ཁྲུང་ཁྲུང་མགོ་ཁྲ་དང་། ཆུ་སྐྱར། སྐྱར་མོ། རྩངས་པ་དཀྱིས་མ་སོགས་ཡོད། 
     ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་མཚོ་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེས་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཚེའུ་གཙོ་བོ་ཡིན་པ་མ་ཟད། ནུབ་རྒྱུད་བྱེ་ཐང་དེ་ཤར་ཕྱོགས་སུ་རིམ་བཞིན་སྐྱེད་པར་ཚོད་འཛིན་བྱེད་པའི་རང་བྱུང་གི་འགོག་ཡོལ་ལྟ་བུ་ཡང་ཡིན་ལ། ཡ་གླིང་དབུས་མ་དང་ཡ་གླིང་ཤར་མ་གཉིས་ཀྱི་དུས་བྱ་གནས་སྤོ་སྐབས་ཀྱི་འཛོམས་སའང་ཡིན། ལོ་རེར་མཚོ་སྔོན་པོར་འཚོ་གནས་བྱེད་པའི་དུས་བྱའི་རིགས་92དང་བྱ་ཁྲི་20ལྷག་ཡོད་ཅིང་། དེ་ནི་ཀྲུང་གོའི་མངའ་ཁོངས་ཀྱི་དུས་བྱ་སྐྱེ་འཕེལ་ཁ་གྲངས་ཆེས་མང་ཞིང་། རིགས་ཁྱུ་གཅིག་འདུས་རྒྱུད་སྤེལ་བྱ་ས་ཞིག་ཡིན།
【1】  【2】  【3】  【4】
༄༅།།མཚོ་སྔོན་པོར་དབྱར་གྱི་དུས་བྱ་འབོར་ཆེན་བབས་པ།