འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་17ཉིན།

༄༅།།ཨ་རིས་ཧྭ་ཝེ་“དངོས་གཞིའི་མིང་ཐོ་”རུ་བཀོད་པར་ཧྭ་ཝེས་བསྟུད་མར་ངོ་རྒོལ་གསལ་བསྒྲགས་སྤེལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་17ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་གྱི་དགོང་མོར་ཧྭ་ཝེ་ཀུང་སིས་གསལ་བསྒྲགས་སྤེལ་དོན། ཨ་རིའི་ཚོང་ལས་པུའུ་ཡི་བཟོ་ལས་དང་བདེ་འཇགས་ཅུས་(BIS)ཀྱིས་གང་དེ་“དངོས་གཞིའི་མིང་ཐོ”རུ་དགོད་རྒྱུར་ཐག་བཅད་པར་ངོ་རྒོལ་བྱས། འདི་ནི་ཧྭ་ཝེས་ཚེས་16ཉིན་ལ་ཨ་རིའི་འབྲེལ་ཡོད་བྱ་སྤྱོད་ཐད་ལ་གསལ་བསྒྲགས་སྤེལ་ཐེངས་གཉིས་པ་དེ་རེད། 
     གསལ་བསྒྲགས་ནང་དུ། ཧྭ་ཝེས་ཨ་རིའི་ཚོང་ལས་པུའུ་ཡི་བཟོ་ལས་དང་བདེ་འཇགས་ཅུས་ཀྱི་(BIS)ཆོད་དོན་ལ་ངོ་རྒོལ་བྱས་པ་དང་། འདི་ནི་ཕྱོགས་གཉིས་ཀ་གང་རུང་གི་ཁེ་ཕན་ལའང་མི་མཐུན་ཞིང་། ཧྭ་ཝེ་དང་མཉམ་ལས་ཡོད་པའི་ཨ་རིའི་ཀུང་སི་ཡི་དཔལ་འབྱོར་ལ་གྱོང་གུན་ཚབས་ཆེན་ཐེབས་སྲིད་ལ། ཨ་རིའི་ལས་གནས་ཁྲི་སྟོང་མང་པོར་ཤུགས་རྐྱེན་ཐེབས་སྲིད་པ་དང་། གོ་ལ་ཧྲིལ་བོའི་མཁོ་སྤྲོད་ཕྲེང་བའི་མཉམ་ལས་དང་ཕན་ཚུན་བར་གྱི་ཡིད་རྟོན་ལའང་གཏོར་བརླག་བཟོས་ཡོད། ཧྭ་ཝེ་ཡིས་གང་མགྱོགས་སྒོས་དོན་དག་འདིའི་ཐད་ཀྱི་རྒུད་སྐྱོབ་དང་ཐག་གཅོད་ཇུས་གཞི་བཟོ་དགོས་ཤིང་། དགེ་མཚན་ལྡན་པའི་བྱ་ཐབས་སྤྱད་ནས་དོན་དག་འདིའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་ཚུལ་བཤད་ཡོད།
     ས་གནས་དེ་གའི་དུས་ཚོད་ཚེས་15ཉིན། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་སྲིད་འཛིན་བཀའ་རྒྱ་ལ་མིང་རྟགས་བཀོད་ནས། ཨ་རི་གནས་ཚུལ་ཛ་དྲག་ཅན་ལ་ཐུག་ཡོད་པ་དང་། ཨ་རིའི་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཉེན་ཡོད་པའི་ཀུང་སིས་ཐོན་སྐྱེད་བྱས་པའི་ཆ་འཕྲིན་སྒྲིག་ཆས་གང་རུང་བེད་སྤྱོད་བྱེད་མི་ཆོག་པའི་བླང་བྱ་བཏོན་ཞིང་། ཨ་རིའི་འབྲེལ་ཡོད་གནས་འཕྲིན་ལྟར་ན་བྱེད་སྟངས་དེ་ནི་ཧྭ་ཝེ་བཀག་འགོག་བྱེད་པའི་སྔོན་འགྲོ་ཡིན་པར་བརྗོད། ཧྭ་ཝེ་ཀུང་སིས་ཚེས་16ཉིན་གྱི་སྔ་དྲོར་གསལ་བསྒྲགས་སྤེལ་བའི་ནང་དུ། “བཀག་འགོག་བཀའ་རྒྱ”ཡིས་ཨ་རི་5Gའཛུགས་སྐྲུན་ཁྲོད་དུ་རྗེས་ལུས་ཐེབས་རྒྱུ་ཡིན་པར་བཤད་ཡོད།