འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་17ཉིན།

༄༅།།ཀན་སུའུ་ཡི་ཀན་ལྷོ་སོགས་གྲོང་ཁྱེར་དང་ཀྲོའུ་6ཏུ་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་ཁང་
ཁྲི་1.5ལྷག་ཙམ་བསྐྲུན་ནས་འཁོར་རྒྱུག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་17ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་དང་གྲོང་གསེབ་ཀྱི་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ཀན་སུའུ་ཞིང་ཆེན་གྱིས་ན་ནིང་ནས་བཟུང་། སྲིད་འཛིན་གྲོང་ཚོར་གྲོང་གསེབ་ཀྱི་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུ་ཁང་སྐྲུན་འགོ་ཚུགས་པ་རེད། གསར་འགོད་པར་ཀན་སུའུ་ཞིང་ཆེན་ཞིང་ལས་འགན་བཅོལ་ལ་སྐུལ་འདེད་གཏོང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་ས་གནས་ས་ཐོག་གི་སྐུལ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་3ཚེས་25ཉིན་བར། ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུ་ཁང་15788བསྐྲུན་ནས་ཤང་གྲོང་ལ་ཁྱབ་ཚད་85%ཟིན་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་གསེབ་ཀྱི་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུ་ཁང་དེ་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བའི་འདྲེན་རྟེན་གལ་ཆེན་ཞིག་ཏུ་གྱུར་པ་དང་། མིག་སྔར། ཀན་སུའུ་ཞིང་ཆེན་གྱི་སྲིད་འཛིན་གྲོང་ཚོར་གྲོང་མི་གྲོང་ཚོ་ནས་དོན་མི་དགོས་པར་དངུལ་ཁང་དང་འགན་བཅོལ་རིགས་ཀྱི་དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་ཐུབ་པས་གྲོང་གསེབ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་ཡོད་པ་རེད།