འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།གཟའ་འཁོར་གཅིག་གི་རྒྱལ་སྤྱིའི་གསར་འགྱུར། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་མེ་ཤོར་བ།
ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་མེ་ཤོར་བ། 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་4ཚེས་15ཉིན་གྱི་དགོང་མོར། ཕ་རི་སི་གྲོང་ཁྱེར་གྱི་ལྟེ་བར་གནས་ཤིང་། ལོ་ངོ་800ལྷག་གི་ལོ་རྒྱུས་ལྡན་པའི་ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་མེ་ཤོར་བ་དང་། མེ་སྐྱོན་ཆེན་པོའི་ཁྲོད་དུ་ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་གི་རྩེ་མོ་རྡིབ་ཅིང་། མཆོད་ཁང་ཡོངས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ་རེད། པར་འདི་དག་ནི་ཟླ་4ཚེས་15ཉིན་གྱི་ཧྥ་རན་སེའི་ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་མེ་ཤོར་བའི་རྣམ་པ་རེད། 
【1】  【2】  【3】  【4】  【5】
མེ་ཤོར་རྗེས། 
ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་15ཉིན་གྱི་ཆུ་ཚོད་18ཡས་མས་སུ། ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་གློ་བུར་དུ་མེ་ཤོར་བ་དང་། ཁང་སྟེང་དང་རྩེ་མོ་ནི་ཚིག་ཟིན་ཀྱང་། ཁང་གཞི་ལ་སྐྱོན་ཆེན་པོ་ཐེབས་མེད། འདི་ནི་ཟླ་4ཚེས་16ཉིན། ཕ་རི་སི་རུ་རྒན་མོ་ཞིག་གིས་མེ་ཤོར་རྗེས་ཀྱི་ཡེ་ཤུའི་མ་ཡུམ་མཆོད་ཁང་ལ་རྒྱང་མཇལ་བྱེད་བཞིན་པ་ཡིན།