འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”བརྒྱུད་མཐུན་སྦྱོར་དང་སྤེལ་རེས་བྱེད་སེམས་ཆེ་རུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རབ་དང་རིམ་པ་དོན་འཁྱོལ་བྱས་པ་བརྒྱུད་འདྲ་མཉམ་ངང་ཕྱོགས་མང་མཉམ་ལས་བྱས་ཏེ་ལམ་རྒྱུད་རྒྱལ་ཁབ་ཀྱི་མང་ཚོགས་ལ་བདེ་རྩ་ཆེ་རུ་གཏོང་བ་སོགས་ཀྱི་ནད་དོན་ཚུད་ཡོད། ‘རྒྱུད་གཅིག་ལམ་གཅིག’གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དང་དེའི‘ཇུས་འདོན་ཚོགས་པའི་སྤེལ་རེས’ཀྱི་ཡན་ལག་གླེང་སྟེགས་དུས་བཀག་ལྟར་འཚོགས་པ་ནི་ཕྱོགས་ཁག་གིས་ངོས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད”ཅེས་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གི་ཧྲེ་ཀྲང་ཞེར་ཀའེ·སྨི་ཧ་དབྱི་ལོ་ཕུས་ཉིན་ཤས་གོང་མོ་སི་ཁོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་བརྗོད།
     སྨི་ཧ་དབྱི་ལོ་ཕུས། རྒྱལ་སྤྱིའི་གར་སྟེགས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ནས་གནས་ཚུལ་གསར་པར་རྒྱུན་ཆད་མེད་པར་ཁ་གཏད་གཅོག་པ་དང་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་བྱ་སྤྱོད་མཐུན་སྦྱོར་བྱས་ནས་ཐུན་མོང་ཐོག་མདུན་སྐྱོད་བྱེད་པར་སྟབས་བདེ་སྐྲུན་དགོས། ‘རྒྱུད་གཅིག་ལམ་གཅིག’གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས“སྐབས་གཉིས་པའི་ཐོག་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་འཆར་འགོད་ཀྱི་མཐུན་མཚམས་གསར་པ་རབ་དང་རིམ་པ་དོན་འཁྱོལ་ཐུབ་སྲིད་པ་རང་ཉིད་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་བརྗོད།
    “སྐབས་འདིའི་མཐོ་རིམ་གླེང་སྟེགས་ནི་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་སྐབས་དང་ཏག་ཏག་འཁེལ་ཡོད”ཅེས་སྨི་ཧ་དབྱི་ལོ་ཕུས་བརྗོད་པ་དང་། ཁོང་གིས“གླེང་སྟེགས་དེས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་དུས་རབས་གསར་པར་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་གྲུབ་འབྲས་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་གསར་པ་འདིང་སྲིད་པ་རང་ཉིད་ལ་རེ་བ་ཆེན་པོ་ཡོད”ཅེས་བརྗོད།
     ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཐོ་རིམ་མཉམ་ལས་གླེང་སྟེགས་ནི་འཛམ་གླིང་ལ་དོན་སྙིང་ལྡན་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་སྨོས་མི་དགོས། 2017ལོར་སྐབས་དང་པོའི་གླེང་སྟེགས་མཇུག་འགྲིལ་རྗེས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་སྨྱན་སྦྱོར་ཚན་པར་གླེང་སྟེགས་དེ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དེས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོ་དང་ས་ཁོངས་གཞན་དག་ལ་ཕན་ཚུན་མཉམ་ལས་བྱེད་པའི་དུས་མཚམས་གསར་པ་ཞིག་གཏོད་འགོ་ཚུགས་ཡོད་ཅེས་བརྗོད། “རྒྱལ་ཁབ་ཁག་གི་འགོ་ཁྲིད་པ‘རྒྱུད་གཅིག་ལམ་གཅིག’གི་མཐོ་རིམ་གླེང་སྟེགས་ལ་བརྟེན་ནས་དུས་བཀག་ལྟར་མཇལ་འཛོམས་གནང་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་གནད་དོན་གལ་ཆེན་ལ་མཐུན་སྦྱོར་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད། ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས‘རྒྱུད་གཅིག་ལམ་གཅིག’ལམ་རྒྱུད་ས་ཁུལ་དུ་གྲུབ་འབྲས་ཀྱིས་ཕྱུག་ལ་ཤེས་དཔལ་ལྡན་པའི་སྐད་ཆ་ཤོད་རེས་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་སྨི་ཧ་དབྱི་ལོ་ཕུས་བརྗོད།
     སྨི་ཧ་དབྱི་ལོ་ཕུས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་ཡོད་ཅེས་མཛུབ་སྟོན་ཐེངས་མང་གནང་ཡོད། “ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་རྒྱུན་སྨྱན་སྦྱོར་དབར་གྱི་མཉམ་ལས་ཀྱང་ཆུ་ཚད་དེ་དང་གཅིག་མཚུངས་སུ་གནས་ཡོད་པ་དེའི་ནང་ཐ་སི་གསར་འགྱུར་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་དབར་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་འཛམ་གླིང་རང་བཞིན་གྱི་འཕྲིན་གཏོང་ཁང་དབར་གྱི་མཉམ་ལས་ཚུད་ཡོད”ཅེས་བརྗོད།
    སྨི་ཧ་དབྱི་ལོ་ཕུས་ངོ་སྤྲོད་བྱས་པར་གཞིགས་ན། ཤིན་ཧྭ་གསར་འགྱུར་ཁང་དབར་གྱི་མཉམ་ལས་ཕུད། ཐ་སི་གསར་འགྱུར་ཁང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་དབར་རྣམ་པ་མི་འདྲ་བའི་མཉམ་ལས་བྱས་ཡོད། “འཚོག་ཉེར་ཡོད་པའི‘རྒྱུད་གཅིག་ལམ་གཅིག’གི་མཐོ་རིམ་གླེང་སྟེགས་དང‘ཇུས་འདོན་ཚོགས་པའི་སྤེལ་རེས’ཀྱི་ཡན་ལག་གླེང་སྟེགས་ལ་ང་ཚོས་ཀྲུང་གོའི་སྨྱན་སྦྱོར་ཚན་པ་དང་སླར་ཡང་རོགས་ཟླ་སྒྲིག་གི་ཡིན”ཞེས་དང་“སྔོན་དཔག་ལྟར་ན་ཕྱོགས་ཁག་གིས་སྐབས་འདིའི་གླེང་སྟེགས་རིང‘རྒྱུད་གཅིག་ལམ་གཅིག’རྒྱུད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་སོགས་ཀྱི་མཉམ་ལས་ལ་གཙོ་གནད་དོ་ཁུར་བྱེད་ཀྱི་ཡིན”ཞེས་ཁོང་གིས་བརྗོད།