འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ཐེར་འདོན་གོང་ཞུ་བྱེད་པའི་ཐད་ལེགས་
སྐྱེས་གལ་ཆེན་འབུལ་མཁན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། གསར་འགོད་པས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་ཤེས་རྟོགས་བྱས་པར། འདི་ལོ་སྤེལ་བའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བྱེད་སྒོའི་རིང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཉེ་བའི་ལོ་ཤས་རིང་ཁ་པར་དང་དྲ་ཚིགས་ནས་རང་འགུལ་ངང་ཐེར་འདོན་བྱས་པའི་ཁུངས་སྣེ་བདག་སྤྲོད་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་རིགས་ཁག་གི་བྱེད་སྤྱོད་འགོག་ཟོན་དང་། བཀག་སྡོམ། རྡུང་རྡེག་བཅས་གཏོང་བར་ལེགས་སྐྱེས་འབུལ་མཁན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་ཅིང་། མཱ་ཆེ་གེ་མོ་སོགས་ལེགས་སྐྱེས་ཧ་ཅང་ཆེ་བའི་མི་སྣ་16དང་ཝུའུ་ཆེ་གེ་མོ་སོགས་ལེགས་སྐྱེས་གལ་ཆེན་འབུལ་མཁན་55ལ་གཟེངས་བསྟོད་དང་བྱ་དགའ་སོ་སོར་སྤྲད་པ་རེད།
     ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་2015ལོའི་ཟླ་11པར་12339ཡི་ཐེར་འདོན་བདག་སྤྲོད་ཁ་པར་བཙུགས་པ་དང་། 2018ལོའི་ཟླ་4ཚེས་15ཉིན། ཐེར་འདོན་བདག་སྤྲོད་ལས་སྟེགས་ཀྱི་དྲ་ཚིགསwww.12339.gov.cnདངོས་སུ་སྤྱོད་འགོ་ཚུགས་ཡོད། ཐེར་འདོན་ཁ་པར་དང་དྲ་ཚིགས་སྤྱོད་འགོ་ཚུགས་ཚུན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཐེར་འདོན་ཧུར་ཐག་བྱས་ནས་དོགས་ཡོད་ཁུངས་སྣེ་མང་དག་ཅིག་མཁོ་འདོན་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་རིགས་ཁག་གི་བྱ་སྤྱོད་འགོག་ཟོན་དང་། བཀག་སྡོམ། རྡུང་རྡེག་བཅས་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། བྱ་དགའ་ཐོབ་མཁན་ཁྲོད་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་མི། དཔུང་སྡེའི་དཔོན་དམག་བཅས་ཡོད་ལ་མཐོ་སློབ་ཀྱི་སློབ་མ་དང་། སྡེ་ཁུལ་གྱི་གྲོང་མི། ཉ་པ་དང་ཞིང་པ་སོགས་ཀྱང་ཡོད་པ་རེད།