འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་18ཉིན།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་ལ་འཚམས་འདྲི་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་17ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་མེ་ཤོར་བར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་ནས། ཧྥ་རན་སེའི་མི་དམངས་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་བ་རེད། 
    ཞི་ཅིན་ཕིང་གིས་བསྟན་དོན། ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་ནི་ཧྥ་རན་སེའི་དཔལ་ཡོན་གྱི་མཚོན་རྟགས་གལ་ཆེན་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་གྱི་ནོར་བུ་རྩ་ཆེན་ཞིག་ཀྱང་ཡིན། ཀྲུང་གོའི་མི་དམངས་ཀྱིས་ཧྥ་རན་སེའི་མི་དམངས་དང་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད། མ་འོངས་པར་ཧྥ་རན་སེའི་མི་དམངས་ཀྱི་འབད་བརྩོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན། ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་བདེ་བླག་ངང་ཞིག་གསོ་བྱུང་ནས་སྔར་བཞིན་བརྗིད་ཆགས་འོད་སྟོང་འབར་བ་ཞིག་འགྲུབ་པར་ཡིད་ཆེས་ཡོད།