འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་17ཉིན།

༄༅།།རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་17ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་སུའུ་ཀྲོའུ་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། སློབ་གསོ་པུའུ་དང་སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་སུའུ་ཀྲོའུ་རུ་འགོ་ཚུགས་པ་དང་ཤང་ཀང་དང་ཨའོ་མོན་ཚུད་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་547ནས་ཡོང་པའི་དགེ་སློབ་ཀྱིས་ཚེས་15ནས་ཚེས་20ཉིན་བར་འགྲེམས་འཁྲབ་ནང་ཞུགས་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་ནི་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོས་རླབས་ཆེན་གྱི་མེས་རྒྱལ་དབུ་བརྙེས་ནས་ལོ་70འཁོར་བའི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་བའི་བྱེད་སྒོ་གལ་ཆེན་ཞིག་ཀྱང་རེད། བྱེད་སྒོ་དེ་2017ལོའི་ཟླ་11པ་ནས་འགོ་བཙུགས་པ་དང་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་རིང་སློབ་གྲྭ་ཁག་དང་། རྫོང(གྲོང་ཁྱེར)དང་། ས་ཁུལ(གྲོང་ཁྱེར)བཅས་སུ་བྱེད་སྒོ་སྤེལ་བ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཏུ་གཅིག་སྡུད་ཐོག་འགྲེམས་འཁྲབ་བྱེད་པ། རྒྱལ་ཡོངས་ཀྱི་ས་གནས་ས་ཐོག་ཏུ་འགྲེམས་འཁྲབ་བྱེད་པ་བཅས་དུས་མཚམས་གསུམ་ལ་དབྱེ་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།