འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་16ཉིན།

༄༅།།ཀྲུང་གོའི་སྐད་སྙན་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་བསྟན་འཛིན་ཉི་མས་རྨ་ལྷོ་ཁུལ་གྱི་ཡུལ་
སྐོར་གཟུགས་བརྙན་གྱི་སྤྱི་ཕན་ཕོ་ཉའི་མིང་རྟགས་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་15ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོའི་སྐད་སྙན་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་བསྟན་འཛིན་ཉི་མས་རྨ་ལྷོ་ཁུལ་གྱི་ཡུལ་
སྐོར་གཟུགས་བརྙན་གྱི་སྤྱི་ཕན་ཕོ་ཉའི་མིང་རྟགས་བཀོད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། 2019ལོའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་གཟུགས་བརྙན་ཕོ་ཉའི་མིང་རྟགས་འགོད་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་སྤེལ་བ་རེད།
    རྨ་ལྷོ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་གཅིག་འདུས་ཕུན་སུམ་ཚོགས་པའི་ཁུལ་ཞིག་ཡིན་པ་དང་། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ལ། སྣ་མང་གི་དངོས་པོ་དང་དངོས་མིན་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་ཤིང་། འཛམ་གླིང་དུ་སྐད་གྲགས་ཆེ་བའི“རེབ་གོང་སྒྱུ་རྩལ”ནི་བོད་རིགས་དང་ཆའང་རིགས་རིག་གནས་ཐོན་ལས་ཀྱི་བར་ཁྱམས་དང་ཀྲུང་གོའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལྡན་པའི་རིག་གནས་ཡུལ་སྐོར་དམིགས་ས་ཞིག་ཡིན་ལ། རིག་གནས་པུས་ཆོག་མཆན་སྤྲད་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་ཨང་གསུམ་པ་དང་རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་ཡང་རེད། མིག་སྔར། ཁུལ་ཡོངས་ཀྱི་རྣམ་གྲངས་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཀོད་ཡོད་པའི་ནང་། རྒྱལ་ཁབ་རིམ་པ་6དང་།  ཞིང་ཆེན་རིམ་པ་24  ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་133བཅས་ཡོད་ཅིང་། ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བཟོ་རྩལ་མཛེས་རྩལ་ཆེན་མོ་500ལ་ཉེ་བ་ཡོད།
     བསྟན་འཛིན་ཉི་མས། རང་ཉིད་ས་སྐྱེས་རྡོ་སྐྱེས་ཀྱི་རྨ་ལྷོ་ཁུལ་གྱི་མི་ཡིན་ལ། ཆུང་དུས་ནས་རེབ་གོང་སྒྱུ་རྩལ་གྱི་ཤུགས་རྐྱེན་བཟང་པོ་དང་གསོ་སྐྱོང་འོག་འཚར་ལོངས་བྱུང་ཞིང་། རྨ་ལྷོ་ཁུལ་གྱི་རིག་ནས་ཡུལ་སྐོར་དྲིལ་བསྒྲགས་ཀྱི་སྤྱི་ཕན་ཕོ་ཉའི་འགན་འཁུར་རྒྱུ་བྱུང་བ་དེ་གཟི་བསོད་ལྡན་པ་ཞིག་ཡིན་བསམ་བྱུང་། ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཐད་ལེགས་སྐྱེལ་དེ་བས་མང་བ་འབུལ་ཐུབ་པའི་རེ་བ་ཡོད་ལ་རང་ཉིད་ཀྱི་ནུས་པར་བརྟེན་ནས་ཕ་ཡུལ་གྱི་ཡུལ་སྐོར་རིག་གནས་དྲིལ་བསྒྲགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད།
༄༅།།ཀྲུང་གོའི་སྐད་སྙན་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་བསྟན་འཛིན་ཉི་མས་རྨ་ལྷོ་ཁུལ་གྱི་ཡུལ་
སྐོར་གཟུགས་བརྙན་གྱི་སྤྱི་ཕན་ཕོ་ཉའི་མིང་རྟགས་བཀོད་པ།