འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་10ཉིན།

༄༅།།སློབ་གསོ་པུས་བསམ་འཆར་བཀྲམ་ནས་བསྟན་དོན། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཆ་
འཕྲིན་ལག་རྩལ་བཀོལ་སྤྱོད་འཇོན་ཐང་མགྱོགས་མྱུར་ཆེ་རུ་གཏོང་དགོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་10ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     《བསམ་འཆར》ནང་ལས་འགན་ཆེན་པོ་བཞི་དོན་འཁྱོལ་བྱེད་དགོས་པ་བསྟན་པ་སྟེ།
     གཅིག སློབ་གྲྭ་ཧྲིལ་པོར་དམིགས་ནས་སྐུལ་འདེད་བཏང་སྟེ་སློབ་གྲྭའི་དོ་དམ་ཚོགས་པར་སློབ་གྲྭའི་ཆ་འཕྲིན་ཅན་སློབ་གསོ་སློབ་ཁྲིད་འཕེལ་རྒྱས་ཀྱི་འཆར་འགོད་དང་འོས་བབ་ཀྱི་དགེ་རྒན་གསོ་སྦྱོང་གི་འཆར་གཞི་བཟོ་རོགས་བྱས་ནས“སྦྱངས་པ་གོ་ཆོད”པ་བྱེད་དགོས་པ།
     གཉིས། ཧེ་བག་ཆུང་དུ་གཏོང་བར་ཤུགས་བརྒྱབ་ནས་གནས་གཏན་འཁེལ་གྱིས་གྲོང་གསེབ་དགེ་རྒན་ལ་ཆེད་ལས་ཆུ་ཚད་དང་ཆ་འཕྲིན་ལག་རྩལ་གྱི་བཀོལ་སྤྱོད་འཇོན་ཐང་ཆེ་རུ་གཏོང་རོགས་བྱེད་དགོས་པ།
     གསུམ། འཕེལ་ཕྱོགས་ཁྲིད་སྟོན་བྱས་ཏེ་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པའི་གྲུབ་འབྲས་གང་ལེགས་སྤྱད་དེ་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་དགོས་པ། 
     བཞི། ཞབས་ཞུའི་མ་ལག་གི་རིམ་པ་སྤར་ནས་གསོ་སྦྱོང་མཛུབ་ཁྲིད་ཀྱི་དམིགས་སའི་རང་བཞིན་དང་། ཐོན་ཁུངས་ཞིབ་འཇུག་ཟབ་སྦྱོང་གི་གོ་ཆོད་རང་བཞིན། དེ་བཞིན་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་སློབ་སྐྱོར་གྱི་གནད་སྨིན་རང་བཞིན་སོགས་མཐོ་རུ་བཏང་ནས་འདུ་འགོད་ལག་བསྟར་འགན་ལེན་བྱེད་དགོས་པ་བཅས་རེད།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་སློབ་གསོ་པུས་བཀྲམ་པའི《རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་འཇོན་ཐང་ཆེ་རུ་གཏོང་བའི་འདུ་འགོད་2.0ལག་བསྟར་བྱེད་པའི་བསམ་འཆར》བཀྲམ་ནས་བསྟན་དོན། 2020ལོར་སླེབ་སྐབས། སློབ་གྲྭས་གཙོ་བོ་བྱེད་པ་དང་། སློབ་ཁྲིད་གཞིར་བཟུང་བ། སྐུལ་འདེད་གཏོང་བ། གསར་གཏོད་ལ་སྣང་ཆེན། ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་གནད་སྨིན་བྱེད་པ་བཅས་དགེ་རྒན་གྱི་ཆ་འཕྲིན་བྱང་ཚད་འཕེལ་རྒྱས་གཏོང་བའི་ལམ་སྲོལ་གསར་པ་བཟོས་ནས་དཔེ་སྟོན་རྣམ་གྲངས་བརྒྱུད། ས་གནས་ཁག་གིས་དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་འཇོན་ཐང་གསོ་སྦྱོང་ལ་སྐུལ་ཁྲིད་བྱས་ཏེ་སློབ་སྤྱིའི་ཆ་འཕྲིན་ཅན་གྱི་འགོ་ཁྲིད་འཇོན་ཐང་དང་། དགེ་རྒན་གྱི་ཆ་འཕྲིན་ཅན་གྱི་སློབ་ཁྲིད་འཇོན་ཐང་། གསོ་སྦྱོང་ཚོགས་པའི་ཆ་འཕྲིན་ཅན་གྱི་མཛུབ་ཁྲིད་འཇོན་ཐང་བཅས་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་ཆ་འཕྲིན་ལག་རྩལ་དང་སློབ་གསོའི་སློབ་ཁྲིད་མཉམ་འདྲེས་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། 《བསམ་འཆར》ནང་ལས་འགན་ཆེན་པོ་བཞི་དོན་འཁྱོལ་བྱེད་དགོས་པ་བསྟན་པ་སྟེ། གཅིག་ནས་སློབ་གྲྭ་ཧྲིལ་པོར་དམིགས་ནས་སྐུལ་འདེད་བཏང་སྟེ་སློབ་གྲྭའི་དོ་དམ་ཚོགས་པར་སློབ་གྲྭའི་ཆ་འཕྲིན་ཅན་སློབ་གསོའི་སློབ་ཁྲིད་འཕེལ་རྒྱས་ཀྱི་འཆར་འགོད་དང་འོས་བབ་ཀྱི་དགེ་རྒན་གསོ་སྦྱོང་གི་འཆར་གཞི་བཟོ་རོགས་བྱས་ནས“སྦྱངས་པ་གོ་ཆོད”པ་བྱེད་དགོས་པ་དང་། གཉིས་ནས་ཧེ་བག་ཆུང་དུ་གཏོང་བར་ཤུགས་བརྒྱབ་ནས་གནས་གཏན་འཁེལ་གྱིས་གྲོང་གསེབ་དགེ་རྒན་ལ་ཆེད་ལས་ཆུ་ཚད་དང་ཆ་འཕྲིན་ལག་རྩལ་གྱི་བཀོལ་སྤྱོད་འཇོན་ཐང་ཆེ་རུ་གཏོང་རོགས་བྱེད་དགོས་པ། གསུམ་ནས་འཕེལ་ཕྱོགས་ཁྲིད་སྟོན་བྱས་ཏེ་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པའི་གྲུབ་འབྲས་གང་ལེགས་སྤྱད་དེ་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་དགོས་པ། བཞི་ནས་ཞུབས་ཞུའི་མ་ལག་རིམ་སྤོར་བྱས་ནས་གསོ་སྦྱོང་མཛུབ་ཁྲིད་ཀྱི་དམིགས་སའི་རང་བཞིན་དང་། ཐོན་ཁུངས་ཞིབ་འཇུག་ཟབ་སྦྱོང་གི་གོ་ཆོད་རང་བཞིན། དེ་བཞིན་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་སློབ་སྐྱོར་གྱི་གནད་སྨིན་རང་བཞིན་སོགས་མཐོ་རུ་བཏང་ནས་འདུ་འགོད་ལག་བསྟར་འགན་ལེན་བྱེད་དགོས་པ་བཅས་རེད།
     ཤེས་རྟོགས་བྱས་པར་གཞིགས་ན། སློབ་གསོ་པུས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་འཇོན་ཐང་ཆེ་རུ་གཏོང་བའི་འདུ་འགོད་ལག་བསྟར་གྱི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་ཆུ་ཚད་དེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ནང་དོན་གལ་ཆེན་དུ་བརྩི་བ་དང་ཆབས་ཅིག དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་འཇོན་ཐང་ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བརྒྱུད། དགེ་རྒན་གྱིས་རང་འགུལ་ངང་ཆ་འཕྲིན་ལག་རྩལ་སྤྱོད་པ་དང་བཀོལ་སྤྱོད་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།