འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་8ཉིན།

༄༅།།ས་མཐོར་དཔྱིད་རྨོད་ལས་ལ་བྲེལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་08ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ས་མཐོར་དཔྱིད་རྨོད་ལས་ལ་བྲེལ།
     མི་དམངས་དྲ་བའི་འཕྲིན། གནམ་གཤིས་དྲོ་རུ་འགྲོ་བ་དང་བསྟུན་ནས། ལྷ་ས་གྲོང་ཁྱེར་གྱི་ས་གནས་ཁག་ཏུ་དཔྱིད་རྨོས་དཔྱིད་འདེབས་བྱེད་འགོ་བརྩམས་ཡོད། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་གྲོང་ཚོ་ཁག་གི་ཞིང་ནང་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་བསྒྲགས་ཤིང་། ཕྱོགས་གང་ས་ནས་ཞིང་པ་ཚོས་ཞིང་ཁའི་ནང་ས་བོན་འདེབས་བཞིན་ཡོད་པ་མཐོང་རྒྱུ་འདུག   ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལྷ་ས་གྲོང་ཁྱེར་གྱིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་56.29བྱ་རྩིས་ཡོད་ཅིང་། དེའི་ཁྲོད་འཕྲུལ་རྨོས་རྒྱ་ཁྱོན་མུའུ་ཁྲི་53དང་། འཕྲུལ་འདེབས་རྒྱ་ཁྱོན་མུའུ་ཁྲི50བྱ་རྒྱུ་ཡིན་པ་རེད།