འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་2ཉིན།

༄༅།།བོད་ལྗོངས་སུ་“མཉམ་འབྲེལ་དྲ་རྒྱ་+སྨན་བཅོས”བཏོན་པས་སྨན་ཁང་4ལ་སྐད་འཕྲིན་
ཐོག་ནས་ནད་ལྟའི་ཨང་ཐོ་འགོད་ཆོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་02ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སུ་“མཉམ་འབྲེལ་དྲ་རྒྱ་+སྨན་བཅོས”བཏོན་པས་སྨན་ཁང་4ལ་སྐད་འཕྲིན་
ཐོག་ནས་ནད་ལྟའི་ཨང་ཐོ་འགོད་ཆོག་པ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས1ཉིན། བོད་ལྗོངས་སུ་བདེ་ཐང་བོད་ལྗོངས་སྐད་འཕྲིན་སྤྱི་རྟགས་ཀྱི་སྨན་བཅོས་ཞབས་ཞུའི་སྟེགས་བུ་དངོས་སུ་བཏོན་པ་དང་། ནད་ལྟ་མཁན་ནད་པས་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་ཐོག་ནས“བདེ་ཐང་བོད་ལྗོངས་སྐད་འཕྲིན་སྤྱི་རྟགས”ལ་དོ་ཁུར་བྱས་ནས་སྨན་བཅོས་ཞབས་ཞུ་སྟེགས་བུའི་ནང་འཛུལ་པ་ཡིན་ན།  ཁ་ཆད་ཐོག་ནས་ནད་ལྟ་བའི་ཨང་ཐོ་འགོད་པ་དང་། རིག་ནུས་ཐོག་ནས་ནད་ལྟ་ཁྲིད་སྟོན་བྱེད་པ། སྨན་ཁང་གི་ཚན་ཁག་སྨན་པ་ངོ་སྤྲོད་བྱེད་པ། དྲ་ཐོག་ནས་སྨན་རིན་སྤྲོད་པ། བདེ་ཐང་སློབ་གསོ་སོགས་དམངས་བདེ་དམངས་ཕན་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པ་དང་། གཞན་ཡང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཤར་གཏོང་བྱས་པའི་ཁ་པར་ཨང་གྲངས་114ཐོག་ནས་ནད་ལྟའི་ཨང་ཐོ་འགོད་པའི་ཞབས་ཞུ་དངོས་སུ་སྤྱོད་ཆོག་གི་ཡོད་པ་རེད།
༄༅།།བོད་ལྗོངས་སུ་“མཉམ་འབྲེལ་དྲ་རྒྱ་+སྨན་བཅོས”བཏོན་པས་སྨན་ཁང་4ལ་སྐད་འཕྲིན་
ཐོག་ནས་ནད་ལྟའི་ཨང་ཐོ་འགོད་ཆོག་པ།