འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་28ཉིན།

༄༅།།བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་སྐབས་ས་མཐོའི་བུ་
ཕྲུག་ཚོས་《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་ལེན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་28ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་སྐབས་ས་མཐོའི་བུ་
ཕྲུག་ཚོས་《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་ལེན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། “ང་དང་ངའི་མེས་རྒྱལ་”ཞེས་པའི་ཁོའེ་ཧྲན་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་གྱི་“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་ཨང་དང་པོ་”ཁེ་གསུམ་གྲོང་ཚོར་སྤེལ་ཞིང་། བྱེད་སྒོ་དེ་གླུ་དབྱངས་《ང་དང་ངའི་མེས་རྒྱལ་》ཞེས་པའི་ཁྲོད་འགོ་ཚུགས་པ་རེད་། 
“ང་དང་ངའི་མེས་རྒྱལ་སྐད་ཅིག་ཙམ་ཡང་ཁ་བྲལ་མི་འདོད་་་་་་”ཞེས་པའི་གཞས་ཚིག་དང་དམར་མདངས་བཀྲ་བའི་རྒྱལ་དར་ཕན་ཚུན་རྒྱན་པའི་འོག་མི་ཚང་མའི་ངོ་གདོང་ལས་བདེ་སྐྱིད་ཀྱི་རྣམ་པས་ཁེངས།
    བྱེད་སྒོ་སྤེལ་ཡུལ་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་དངོས་སུ་ཞུགས་མྱོང་བའི་ལོ་80ཡན་གྱི་བགྲེས་སོང་ཡོད་ལ། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དང་།  བོད་སྐྱོར་ལས་བྱེད་པ་དང་སློབ་མའི་འཐུས་མི་ཡང་ཡོད། ཡུལ་དངོས་ཀྱི་འཁྲབ་སྟོན་བྱེད་སྟངས་ནང་སྲོལ་རྒྱུན་གྱི་ལྷ་མོ་ཡོད་ལ། དེང་རབས་ཀྱི་ཁྲོམ་བྲོའང་ཡོད།
【1】  【2】
༄༅།།བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་སྐབས་ས་མཐོའི་བུ་
ཕྲུག་ཚོས་《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་ལེན་པ།