མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་ཧྥ་རན་སེའི་ཉི་སིར་ཕེབས་འབྱོར་ཟིན་པ། མོ་ན་ཁོར་ཕེབས་ནས་མོ་ན་ཁོ་གུང་རིམ་པའི་
རྒྱལ་ཕྲན་ལ་རྒྱལ་དོན་འཚམས་འདྲི་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་26ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཧྥ་རན་སེའི་ཉི་སིར་ཕེབས་འབྱོར་ཟིན་པ། མོ་ན་ཁོར་ཕེབས་ནས་མོ་ན་ཁོ་གུང་རིམ་པའི་
རྒྱལ་ཕྲན་ལ་རྒྱལ་དོན་འཚམས་འདྲི་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་ཧྥ་རན་སེའི་གྲོང་ཁྱེར་ཉི་སི་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེའི་ཉི་སིར་ཕེབས་འབྱོར་ཟིན་རྗེས་རླངས་འཁོར་ལ་བཞུགས་ཏེ་མོ་ན་ཁོར་ཕེབས་ནས་མོ་ན་ཁོ་གུང་རིམ་པའི་རྒྱལ་ཕྲན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
     ས་གནས་དེ་གའི་དུས་ཚོད་ཉིན་གུང་གི་ཆུ་ཚོད་12ཡོལ་ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཉི་སིའི་གནམ་ཐང་དུ་འབྱོར་བ་དང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་མོ་ན་ཁོའི་སྲིད་གཞུང་གི་འགོ་གཙོ་དང་རྒྱལ་དོན་བློན་ཆེན་ཐེའར་དང་མོ་ན་ཁོའི་ཕྱི་ཕྱོགས་འབྲེལ་བ་དང་མཉམ་ལས་བློན་ཆེན་ཐོ་ནེ་ལིས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་ཡོད་པ་རེད། ཧྥ་རན་སེའི་ཕྱི་འབྲེལ་དཔོན་ལེ་ཏེ་ལི་ཨང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ས་གདན་དམར་པོ་བརྒྱུད་མདུན་ཕྱོགས་སུ་ཕེབས་པ་དང་གུས་དམག་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ཏེ་གུས་འདུད་ཞུས་ཡོད།
     ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་ཕེབས་རོགས་གནང་མཁན་ཚོ་གནམ་གྲུ་གཅིག་ནང་མཉམ་དུ་ཕེབས་འབྱོར་ཟིན་ཡོད་པ་རེད།
     ཧྥ་རན་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དང་མོ་ན་ཁོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་གཅིག་ལྕོགས་ཀྲའེ་ཅུན་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
     ཞི་ཅིན་ཕིང་དབྱི་ཐ་ལིར་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་རྗེས་མོ་ན་ཁོར་ཕེབས་པ་ཞིག་རེད། མོ་ན་ཁོར་འཚམས་འདྲི་གནང་ཟིན་རྗེས་ཞི་ཅིན་ཕིང་གིས་ད་དུང་ཉི་སི་རུ་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  
style="display:none;"