འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་22ཉིན།

༄༅།།མི་དམངས་དྲ་བའི་བོད་ཡིག་རྩོམ་སྒྲིག་པ་བསྡུ་བའི་བརྡ་ཐོ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
         ལས་གནས་གསལ་བཤད། 
     1.གསར་འགྱུར་འདེམས་ལེན་དང་། རྩོམ་སྒྲིག  ཡིག་སྒྱུར།  བོད་ཡིག་དྲ་ཚིགས་ཀྱི་ནང་དོན་རྒྱུན་ལྡན་གསར་སྒྱུར་བྱེད་པ། 
     2.ཆེད་སྒྲིག་ལེ་ཚན་སྒྲིག་བཟོ་དང་། ཆེད་སྒྲིག་ལེ་ཚན་གྱི་དྲ་ངོས་གསར་སྒྱུར། བོད་དང་འབྲེལ་ཡོད་ཀྱི་བྱེད་སྒོ་ལ་ཞུགས་ནས་གསར་འགྱུར་འགོད་པའམ་ཇུས་འགོད་བྱེད་པ། 
     3.སྐུ་མགྲོན་གདན་འདྲེན་ཞུ་བ་དང་། བཅར་འདྲིའི་ནང་དོན་གནད་བསྡུས་འབྲི་བ། བཅར་འདྲིའི་འགན་ཁུར་བ། གསར་འགྱུར་ལེགས་སྒྲིག་བྱེད་པ། 
     4.བོད་ཡིག་ཁ་པར་གསར་འགྱུར་དང་། སྐད་འཕྲིན་སྤྱི་སྟེགས་གསར་འགྱུར། ངོ་དེབ་(Facebook)གསར་འགྱུར་བཅས་ཀྱི་ནང་དོན་རྩོམ་སྒྲིག་བྱས་ནས་སྤེལ་བ། 
      5.ཕྱི་ཕྱོགས་སུ་མཉམ་ལས་འབྲེལ་གཏུག་བྱས་ཏེ།  ངེད་དྲ་ཚིགས་ཀྱི་བྱེད་སྒོ་དང་། ཆེད་སྒྲིག་ལེ་ཚན། ཇུས་འགོད། གནས་འཕྲིན་གསར་པ་སོགས་ཁྱབ་བསྒྲགས་གཏོང་བ། 
     6.དྲ་གྲོགས་ཀྱིས་བསྐུར་བའི་གསར་འགྱུར་ལེགས་སྒྲིག་དང་འཕྲིན་སྐྱེལ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། 
         འགན་འཛིན་གྱི་འོས་བབ་ཆ་རྐྱེན། 
     1.ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་བསླབ་རིམ་ལྡན་དགོས་ཤིང་། བོད་སྐད་ཡིག་རྩོམ་རིག་དང་། གསར་འགྱུར་བརྒྱུད་བསྒྲགས། སྤྱི་ཚོགས་རིག་པའི་ཆེད་ལས་སོགས་ལ་དམིགས་བསལ་སྤྲོད་རྒྱུ། 
     2.ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ལ་རྒྱུས་མངའ་ཡོད་ཅིང་། གྲངས་ཉུང་མི་རིགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་དོ་ཁུར་བྱེད་པ།
     3.བོད་ཡིག་དང་རྒྱ་ཡིག་གི་རྨང་གཞི་བརྟན་པོ་ཡོད་ཅིང། ཡི་གེ་འབྲི་ཀློག་གི་ནུས་པ་ངེས་ཅན་ལྡན་པ། 
     4.གསར་འགྱུར་ལས་རིགས་ལ་དགའ་ཞིང་། གསར་འགྱུར་གྱི་ཚོར་སྐྱེན་ངེས་ཅན་ལྡན་པ་དང་། རང་ཚུགས་ཀྱི་སྒོ་ནས་བཅར་འདྲི་དང་གནས་འཕྲིན་སྤེལ་འགན་ཁུར་ཐུབ་པ། 
     5.རྒྱུན་སྤྱོད་གཞུང་ལས་མཉེན་ཆས་ལ་བྱང་ཆ་ལྡན་ཞིང་། པར་རིས་དང་བརྙན་རིས་སོགས་སྒྲིག་བཟོ་ནུས་པ་ངེས་ཅན་ལྡན་པ། 
     6.2019ལོའི་མཐར་ཕྱིན་སློབ་མར་དམིགས་བསལ་སྤྲོད་རྒྱུ། 
     ལོ་རྒྱུས་མདོར་བསྡུས་སྐུར་གནས་ཀྱི་ཡིག་སྒམ། job@people.cn