འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་22ཉིན།

༄༅།།དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60རིང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་
གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60རིང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་
གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
     མི་དམངས་དྲ་བའི་འཕྲིན། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60རིང་། བོད་ཀྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད། འོས་འགན་སློབ་གསོའི་“འགན་ལེན་གསུམ”གྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།      སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་བསྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། 2018ལོར། ལྗོངས་ཡོངས་སུ་སློབ་ཞུགས་གོང་གི་སློབ་གསོའི་བུ་བཅོལ་ཁང་དུ་སློབ་མ་ཞུགས་ཚད་77.9%ཟིན་ནས། བོད་ཀྱི་སློབ་གསོའི་བྱ་གཞག་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད་པ་རེད།