འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་22ཉིན།

༄༅།།སྐབས་དགུ་པའི་རྒྱལ་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་
པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”
དཔྱད་འདེམས་དང་གཟེངས་བསྟོད་ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      རྒྱལ་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ཀྱི་མཚན་སྙན་ནི་གཞུང་ཞབས་པར་གཟེངས་བསྟོད་བྱེད་པའི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཡིན།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས《སྐབས་དགུ་པའི་རྒྱལ་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”དཔྱད་འདེམས་དང་གཟེངས་བསྟོད་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
      《བརྡ་ཐོའི》ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱ་ཆེའི་གཞུང་ཞབས་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བཅངས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཉེན་ཁ་ཆེན་པོ་འགོག་ཟོན་ཐག་གཅོད་དང་། གནད་སྨིན་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་དང་ལས་འགན་གལ་ཆེན་ནང་འགན་འཁྲི་གཙང་སྒྲུབ་དང་། དངོས་འཛིན་དངོས་སྒྲུབ། བྱས་རྗེས་འཇོག་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད། སྔོན་ཐོན་ལ་གཟེངས་བསྟོད་དང་སྤྱོད་བཟང་དར་སྤེལ་གཏོང་བ་དང་། ལྷག་བསམ་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་དུས་རབས་གསར་པའི་གཞུང་ཞབས་པའི་དཔུང་ཁག་གི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཆེད། ཏང་ཀྲུང་དབྱང་གིས་མོས་མཐུན་གནང་བ་བརྒྱུད་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྐབས་དགུ་པའི་རྒྱལ་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་ཡོད།
     《བརྡ་ཐོའི》ནང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ཐད་མི་གྲངས་ཧེ་བག་གི་དཔྱད་འདེམས་ལག་བསྟར་བྱས་ཏེ་གཟེངས་བསྟོད་གྲངས་ཚད་ནི་མི་སྣ་200དང་མཉམ་སྡེབ་100ཡིན་པ་མ་ཟད། འོག་ནས་གོང་བར་དང་རིམ་གྱིས་འོས་སྦྱོར་འོས་འདེམས་བྱེད་དགོས་པ་དང་འབྲེལ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་གང་ལེགས་ཉན་པ་དང་ཆབ་སྲིད་ཞིབ་བཤེར་ནན་པོ་བྱེད་དགོས་པ་དང་ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གསར་འགྱུར་སྨྱན་སྦྱོར་གཙོ་བོའི་ཐོག་གཟེངས་བསྟོད་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།