འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་21ཉིན།

༄༅།།ཐ་ཇིག་སི་ཐན་གྱི་ཙུང་ཐུང་གིས་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་བ་ནི་ཐ་
ཇིག་སི་ཐན་གྱི་ཕྱི་འབྲེལ་ཁ་ཕྱོགས་དང་པོ་དེ་ཡིན་ཞེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་ས་དུ་ཤང་པེར་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས། ཀྲུང་གོ་ནི་ཐ་ཇིག་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་དང་མཛའ་མཐུན་གྱི་ཁྱིམ་མཚེས་ཡིན་ལ། ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་བ་ནི་ཐ་ཇིག་སི་ཐན་གྱི་ཕྱི་འབྲེལ་ཁ་ཕྱོགས་དང་པོ་དེ་ཡིན་ཞེས་བརྗོད་པ་རེད།
     ཐ་ཇིག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་པིན་གྱིས་ཉེ་ཆར་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལས་ཤག་ཏུ་ལཱ་ཧོ་མོང་ལ་རྒྱལ་ཁབ་གཞུང་ཡིག་ཕུལ་བ་རེད། ལཱ་ཧོ་མོང་གིས། ཐ་ཇིག་སི་ཐན་ཕྱོགས་ཀྱིས་མིག་སྔའི་ཐ་ཀྲུང་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པར་ཧ་ཅང་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། ཀྲུང་གོའི་འདི་ཉིད་ཐ་ཇིག་སི་ཐན་རྒྱལ་ཁབ་ཀྱི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་དང་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གར་སྟེགས་ཐོག་གཞོགས་འདེགས་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། རེ་བར་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྔར་བས་སྐུལ་མ་བཏང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ལིའུ་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དང་ཕྱོགས་གཉིས་ཀྱིས་བཞག་པའི་གྲོས་མཐུན་ཁག་དོན་འཁྱོལ་གང་ལེགས་བྱས་ཏེ་ཀྲུང་ཐའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།