འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།དུས་རབས་གསར་པར་བསྟོད་གླུ་བླངས་ནས་འགྲོ་ལམ་གསར་པར་བསྐྱོད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དུས་རབས་གསར་པར་བསྟོད་གླུ་བླངས་ནས་འགྲོ་ལམ་གསར་པར་བསྐྱོད།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། གཞིས་ཀ་རྩེ་གྲོང་ཁྱེར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་བྱེད་པའི་རིག་རྩལ་འཁྲབ་སྟོན་རབ་དང་རིམ་པ་སྤེལ་བ་དང་། འཁྲབ་སྟོན་གྱི་བྱེད་སྒོ་ནི“བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་དྲན་གསོ་ཞུ་བ་དང་།   ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གཞིས་རྩེའི་ལེ་ཚན་གསར་གཏོད་”ཅེས་པ་བརྗོད་བྱ་གཙོར་བྱས་པ་དང་། ཞབས་བྲོ་དང་། གར་ཆུང་། ཁ་ཤགས།  བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་ཀྱི་རྣམ་པའི་སྒོ་ནས། བོད་ལྗོངས་དམངས་གཙོའི་བཅོས་སྒྱུང་བྱས་ནས་ལོ་ངོ་60རིང་ལ་གཞིས་ཀ་རྩེར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་བསྟོད་གླུ་ཕུལ་བ་རེད།