འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།བོད་ཀྱི་མཐའ་མཚམས་ཀྱི་འབོར་ཆུང་ཚོང་དོན་4.0%འཕར་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། 2018ལོར་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱི་མཐའ་མཚམས་ཀྱི་འབོར་ཆུང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་24.12ཟིན་ནས་ལོ་ཧྲིལ་པོར་4.0%བརྟན་པོར་འཕར་ཐུབ་ཡོད། མཐའ་མཚམས་ཀྱི་འབོར་ཆུང་ཚོང་དོན་སྔར་བཞིན་ཕྱིར་གཏོང་གཙོ་བོ་ཡིན་པ་དང་དུས་མཚུངས་ནང་འདྲེན་གྱི་འཕར་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
     ཚེས་11ཉིན་གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2018ལོར་བོད་ཀྱི་མཐའ་མཚམས་ཀྱི་འབོར་ཆུང་ཚོང་དོན་དངུལ་འབོར་གྱིས་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་50.8%བཟུང་བ་ལས། ཁྲོད་སྒོར་དུང་ཕྱུར་23.84ཕྱིར་གཏོང་བྱས་ཏེ་3.77%འཕར་བ་དང་དངོས་ཟོག་གཙོ་བོ་ནི་སྲོལ་རྒྱུན་གྱི་འཁལ་འཐག་ཐོན་རྫས་དང་བསླས་འཐག་ཐོན་རྫས་རེད། གཞན་ཡང་། བོད་ཀྱིས་ནེ་པ་ལ་ནས་ནང་འདྲེན་བྱེད་ཚད་མང་བའི་ཚོང་ཟོག་གཙོ་བོའི་ནང་མིང་གྲལ་དུ་མ་འཁོད་པའི་གསེར་ཟངས་ཀྱི་སྐུ་དང་། རྒྱན་ཆ། རས། ཟངས་ཆས། དེ་བཞིན་དེའི་ལྷུ་ལག་སོགས་ཡོད་པ་རེད།
     བསྡོམས་རྩིས་གྲངས་གཞི་ལས་མངོན་པར། བོད་ཀྱི་མཐའ་མཚམས་ཀྱི་འབོར་ཆུང་ཚོང་དོན་བྱེད་ས་གཙོ་བོ་སྐྱིད་གྲོང་འགག་སྒོར་ཡིན་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་24.11ཟིན་ནས་3.96%འཕར་བ་དེས་སྐྱིད་གྲོང་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི་97.53%བཟུང་ཡོད་པ་རེད།
     ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལས་སྒོའི་སྒྱུར་བཅོས་རབ་དང་རིམ་པར་སྐུལ་འདེད་གཏིང་ཟབ་བཏང་བ་དཔེར་ན། འགག་སྒོའི་ཞིབ་བཤེར་གྱི་མཉམ་འདྲེས་བསྡུ་སྒྲིལ་སྙན་ཞུ་དང་། འགག་སྒོའི་ཆེད་སྤྱོད་དངུལ་སྤྲོད་ཡི་གེ་ཁེ་ལས་རང་གིས་པར་རྒྱག་པ། དུས་རབས་གསར་པའི་ཁྲལ་གྲོན་དྲ་ཐོག་ནས་གཏོང་སྤྲོད་བྱེད་པ། ཁྲལ་བསྡུ་དོ་དམ་གྱི“རང་ཞུ་རང་སྤྲོད”སོགས་ལྟ་བུ། འགག་སྒོའི་ལས་སྒོའི་ལྟ་འདོམས་བརྒྱུད་རིམ་ཟམ་མི་ཆད་པར་བསྡུ་སྒྲིལ་དང་ལེགས་སུ་བཏང་བ་དང་། འགག་སྒོའི་དཔལ་འབྱོར་དར་རྒྱས་དང་། གོ་རིམ་ལྡན་པ། འཕེལ་རྒྱས་ཡག་པོ་བཅས་ལ་སྐུལ་འདེད་བཏང་བ་རེད།