འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།ཕྲུ་གུས་རྒྱ་ཡིག་བརྗེད་དུ་འཇུག་རྒྱུ་མེད། 

—— ཀྲུང་གོའི་རིག་གནས་ཁྱབ་སྤེལ་གཏོང་མཁན་ཕ་རི་སིའི་སློབ་གྲྭའི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་དབྱི་མེའོ་ཡིས། 
    སློབ་གྲྭ་དེ་ནི་ཧྥ་རན་སེའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་ལྷན་ཚོགས་ཀྱི་རྒྱ་ཡིག་སློབ་གྲྭ་ཞིག་རེད། 1972ལོར་བཙུགས་པའི་སློབ་གྲྭ་དེར་ཐོག་མར་སློབ་མ་30ཙམ་ལས་མེད་པ་དང་ད་ཆ་སློབ་མ་1200བར་མང་དུ་སོང་ཞིང་། ལོ་4ནས་20བར་གྱི་སློབ་མ་མང་པོ་ཡོད་པའི་སློབ་གྲྭ་དེ་ཕ་རི་སིར་སློབ་མ་བསྡུ་རྒྱ་ཆེ་ཤོས་ཀྱི་རྒྱ་ཡིག་སློབ་གྲྭ་ཞིག་ཏུ་གྱུར་ཡོད།
     གཟའ་འཁོར་རེའི་རེས་གཟའ་སྤེན་པའི་ཕྱི་དྲོར། ལོ་12ལ་སླེབས་པའི་ཧྥན་ཁའེ་ཡིས་དུས་ཐོག་ཏུ་སློབ་གྲྭར་ཡོང་ནས་རྒྱ་ཡིག་སློབ་ཚན་གཉིས་ཉན་གྱི་ཡོད། རྒྱ་ཡིག་དགེ་རྒན་ཐེན་ཡན་གྱིས་འཛིན་གྲྭ་དེའི་སློབ་མ་ཚང་མ་ལོ་12ནས་15བར་ཡིན་པ་དང་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་བུ་ཕྲུག་ཡིན། ཁོང་ཚོ་རྣམ་ཀུན་ཧྥ་རན་སེའི་སློབ་གྲྭར་སྐྱོད་པ་དང་གཟའ་མཇུག་ཏུ་དེར་རྒྱ་ཡིག་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། ང་ཚོའི་སློབ་གྲྭས་བརྒྱུད་རིམ་ལྡན་པའི་ངང་སློབ་ཁྲིད་བྱ་རྒྱུར་སྣང་ཆེན་བྱེད་ཅིང་། གནའ་བོའི་སྙན་ངག་དང་། གྲགས་ཅན་མི་སྣའི་གཏམ་རྒྱུད། དམངས་སྲོལ་རིག་གནས། དམངས་ཁྲོད་སྒྲུང་གཏམ་ལ་སོགས་པའི་སློབ་ཚན་ཁྲིད་པ་མ་ཟད། ད་དུང་རྒྱ་ཡིག་གི་ཐ་སྙད་དང་བརྗོད་པ་བཟོ་སྟངས་ལ་དེ་བས་ཀྱང་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
     ཁྱིམ་བདག་མང་པོ་ཞིག་དང་འདྲ་བར། ཝང་ལེན་གྱིས་ལོ་9ལ་སླེབས་པའི་བུ་མོ་སློབ་ཁང་ནང་བསྐྱལ་རྗེས་རང་ཉིད་སློབ་མ་སྒུག་ཁང་དུ་བུ་མོ་སྒུག་ནས་བསྡད། ཁོང་གིས་གསར་འགོད་པར། རང་ཉིད་ཧྥ་རན་སེར་གཏན་སྡོད་བྱས་ནས་ལོ་10ལྷག་ཙམ་ཕྱིན་སོང་། ད་བར་མེས་རྒྱལ་འཕེལ་རྒྱས་འགྲོ་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ་ཕྲུ་གུའི་རྒྱ་ཡིག་ཆུ་ཚད་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། རྣམ་ཀུན་སློབ་གྲྭར་བུ་མོས་ཧྥ་རན་སེའི་སྐད་ཡིག་ཐོག་ནས་དགེ་རྒན་དང་སློབ་གྲོགས་དབར་སྤེལ་རེས་བྱེད་མོད། འོན་ཀྱང་ཁྱིམ་དུ་ང་དང་བཟའ་ཟླ་གཉིས་ཀས་རྒྱ་སྐད་བརྒྱབ་ནས་བུ་མོ་དང་སྤེལ་རེས་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
     “ཕྲུ་གུ་དེ་ཚོའི་ཀྲུང་གོའི་ཡི་གེ་དང་ཁ་སྐད་གཏན་ནས་བརྗེད་འཇུག་གི་མིན”ལ“ཧྥ་རན་སེར་ཕྲུ་གུར་རྒྱ་ཡིག་བརྒྱུད་རིམ་ལྡན་པའི་ངང་སྦྱོང་འཇུག་རྒྱུ་དེ་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་མང་པོ་ཞིག་གི་གདམ་ག་ཞིག་ཏུ་གྱུར་ཡོད”ཅེས་བཤད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཧྥ་རན་སེར་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་ཁྲི་70ཙམ་ཡོད། ཧྥ་རན་སེའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་ལྷན་ཚོགས་ཀྱི་རྒྱ་ཡིག་སློབ་གྲྭའི་སློབ་སྤྱི་ཁྲེན་ཧྥུང་ཧྭ་ཡིས་ཀྲུང་གོ་བའི་རྒྱུད་པ་ཡིན་པའི་གཞོན་ནུ་ལོ་ཆུང་མང་པོ་ཞིག་ནི“ཕྱིར་སྡོད་རང་མིའི་མི་རབས་གཉིས་པ་དང་ཐ་ན་གསུམ་པ”ཡིན། ཀྲུང་གོ་བའི་རྒྱུད་པའི་བུ་ཕྲུག་མི་ཉུང་བ་ཞིག་གི་རྒྱ་ཡིག་ཆུ་ཚད་དེ། “རྒྱ་སྐད་རྒྱག་ཤེས་པ་ལས་རྒྱ་ཡིག་འབྲི་མི་ཤེས་པ་དང་རྒྱ་སྐད་གོ་བ་ལས་ཀློག་ཤེས་ཀྱི་མེད”དེས་ན་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་ལྷན་ཚོགས་ཀྱི་རྒྱ་ཡིག་སློབ་གྲྭས་རྒྱ་ཡིག་བརྒྱུད་རིམ་ལྡན་པའི་ངང་སློབ་ཁྲིད་བྱེད་པ་བརྒྱུད“‘ཕྱིར་སྡོད་རང་མིའི་མི་རབས་གཉིས་པ་དང་གསུམ་པ’ཡིན་པའི་བུ་ཕྲུག་དེ་དག་ལ་ཀྲུང་ཧྭའི་རིག་གནས་ལ་དགའ་ཞེན་དང་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱ་རྒྱུའི་སློབ་གསོ་གཏོང་གི་ཡོད”ཅེས་བཤད་བྱུང་།