འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།ཁྲེང་ཏུའི་མཐོ་གསར་ཁུལ་གྱིས་དཀར་མཛེས་ཀྲོའུ་སྡེ་དགེ་རྫོང་གི་ས་ཁོངས་ཧྲིལ་པོར་ཐོན་
ལས་དབུལ་སྐྱོར་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2012ལོ་ཚུན། མཐོ་གསར་ཁུལ་གྱིས་ལས་བྱེད་ཤེས་ལྡན་མི་སྣ་ཁག་བཞི་ཁྱོན་མི་གྲངས་135སྔ་རྗེས་སུ་སྡེ་དགེ་རྫོང་དུ་རོགས་སྐྱོར་ལས་དོན་སྤེལ་བར་འདེམས་གཏོང་བྱས་ནས་འཆར་འགོད་ལྟར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་4.2བཏང་ཡོད།
    2018ལོར་ཁྲེང་ཏུའི་མཐོ་གསར་ཁུལ་གྱིས་སྡེ་དགེ་རྫོང་དུ་མ་དངུལ་སྒོར་ཁྲི་7840རོགས་སྐྱོར་བྱས་ཏེ་རྣམ་གྲངས་28ལ་རོགས་སྐྱོར་ལག་བསྟར་བྱས་ཡོད། 2012ལོ་ཚུན། མཐོ་གསར་ཁུལ་གྱིས་ལས་བྱེད་ཤེས་ལྡན་མི་སྣ་ཁག་བཞི་ཁྱོན་མི་གྲངས་135སྔ་རྗེས་སུ་སྡེ་དགེ་རྫོང་དུ་རོགས་སྐྱོར་ལས་དོན་སྤེལ་བར་འདེམས་གཏོང་བྱས་ནས་འཆར་འགོད་ལྟར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་4.2བཏང་སྟེ་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་བོད་སྐྱོར་རྣམ་གྲངས་91ལག་བསྟར་བྱས་ཏེ“གནད་སྨིན་ངང་ཐིགས་ཆུ་གཏོང་བའི”བྱེད་ཐབས་ཐོག་ནས་ཐོན་ལས་ལ་དབུལ་སྐྱོར་བྱས་པས་དབུལ་སྒྲོལ་འཕེལ་རྒྱས་ཀྱི་འདེགས་ཤིང་ནུས་པ་བཏོན་ཏེ་སྡེ་དགེ་རྫོང་གི་དབུལ་ཞྭ་འཕུད་རོགས་བྱས་པ་རེད།
     སྡེ་དགེ་རྫོང་གི་ཐོན་ལས་དབུལ་སྒྲོལ་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། མཐོ་གསར་ཁུལ་གྱིས་འཚོལ་ཞིབ་གསར་པ་བྱས་ཤིང་། ཚོགས་པའི་ནང་མ་རྐང་འཇོག་ཏུ་བཅུག་པ་དང་ཁེ་བཟང་བགོ་བའི་རྣམ་པའི་ཐོག་ནས་མཐོ་གསར་ཁུལ་གྱིས་སྡེ་དགེ་རྫོང་གི་གྲོང་ཚོ་དབུལ་པོ་102ཀྱི་གྲོང་ཚོ་རེར་སྒོར་ཁྲི་100ཡི་གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་ཐེབས་རྩ་བཙུགས་ནས“གྲོང་ཚོ་བརྒྱ་ཚོགས་པའི་ནང་མ་རྐང་བླུགས་ནས་འཕེལ་རྒྱས་གཏོང་བའི”ཐོན་ལས་རྟེན་གཞི་གསུམ་བསྐྲུན་པ་རེད། ཐོན་ལས་གླིང་གསུམ་ཚང་མ་ས་གནས་དེ་གའི་ལེགས་ཆའི་ཐོན་ཁུངས་ལ་དམིགས་ནས་བསྐྲུན་པ་དང་2019ལོའི་ཟླ་དགུ་པའི་ཟླ་མཇུག་གོང་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པ་དེའི་ལོའི་ཐོན་འབབ་སྒོར་ཁྲི་8000ལྷག་མངོན་འགྱུར་དང་ལས་གནས་300ལྷག་མཁོ་འདོན་བྱ་རྒྱུ་མ་ཟད། དུད་ཚང་དབུལ་པོ་5000ལྷག་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་ཡང་བྱ་རྒྱུ་རེད།
     རྣམ་གྲངས་རོགས་སྐྲུན་ཕུད་མཐོ་གསར་ཁུལ་གྱིས་སྡེ་དགེ་རྫོང་དུ“ནམ་ཡང་གནས་ཐུབ་པའི”ལས་བྱེད་པའི་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། སྡེ་དགེ་རྫོང་གི་སྨན་བཅོས་ཆུ་ཚད་འཕེལ་རྒྱས་རྗེས་ལུས་ཐེབས་པའི་དོན་དངོས་ལ་དམིགས་ཏེ། 2018ལོར་མཐོ་གསར་ཁུལ་གྱིས་ཁྲེང་ཏུའུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་མཐོ་གསར་ཡན་ལག་ལྟེ་གནས་དང་ཁྲེང་ཏུའུ་ཧྲང་ཅིན་ནན་ཧྥུའུ་སྨན་ཁང་སོགས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་9ཡི་སྨན་བཅོས་འཕྲོད་བསྟེན་གྱི་ཕུལ་བྱུང་རྐང་འཛིན་པ་14འཐེན་ནས་སྨན་བཅོས་ཀྱི་ཁ་གཏད་རོགས་སྐྱོར་ཚོགས་པ་ཞིག་བཙུགས་ནས་དུས་ཡུན་ལོ་གཅིག་གི་ཁ་གཏད་རོགས་སྐྱོར་བྱས་པ་རེད།
     ཁྲེང་ཏུའུ་མཐོ་གསར་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བས། 2019ལོར“ལོ་ལྔའི་དམིགས་ཚད་ལོ་གསུམ་ནང་སྒྲུབ་ཐུབ་པའི”དམིགས་ཚད་ལྟར། ཐོན་ལས་དང་། རྣམ་གྲངས། ཤེས་ལྡན་མི་སྣ། མ་དངུལ་སོགས་བྱེད་ཐབས་སྣ་མང་ཐོག་ནས་སྡེ་དགེའི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྲེང་ཏུའུ་མཐོ་གསར་ཁུལ་གྱི་འཕེལ་རྒྱས་ལེགས་ཆ་ཟུང་འབྲེལ་དམ་ཟབ་ཀྱིས་འཆར་འགོད་ལྟར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་དཀར་མཛེས་ཀྱི་སྡེ་དགེ་རྫོང་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།