འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་ཅེས་ཨ་རིས་དོན་མེད་སྐྱོན་
འཛུགས་བྱས་པར།  ཕྱི་འབྲེལ་པུས་དྲང་ནན་གྱི་འབྲེལ་གཏུག་བྱ་རྒྱུ་བཏོན་ཡོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་19ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག   ཨ་རིའི་འབྲེལ་ཡོད་མི་སྣས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་དོན་མེད་སྐྱོན་འཛུགས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། དེའི་ཐད་ཨ་རི་ཕྱོགས་དང་དྲང་ནན་གྱི་འབྲེལ་གཏུག་བྱ་རྒྱུ་སྟོན་ཡོད་ཅེས་བརྗོད་པ་རེད་།
     གསར་འགོད་པ་ཞིག་གིས།  ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་ཡིས་ཉེ་ཆར། ཨ་རིའི་“2018ལོ་འཁོར་གྱི་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ”ཡོངས་བསྒྲགས་ཚོགས་འདུའི་ཐོག   ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་པའི་བྱེད་སྟངས་དེ་"མི་སུས་ཀྱང་བྱེད་མི་ཐུབ”ཅེས་བཤད་ཡོད།   དེའི་ཐད་ཁྱེད་ཀྱིས་ལན་ཇི་ལྟར་སློག་རྒྱུ་ཡིན་ནམ་ཞེས་དྲིས་པར།
     “རང་རྒྱུས་རང་གིས་ལོན་པ་ནི་མིའི་སྤྱོད་བཟང་རྩ་ཆེན་ཡིན་།  འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ཕྱིར་འཐེན་བྱས་ཟིན་པ་དང་།  རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོའི་ནང་བྱས་རྗེས་ངན་པས་ཁེངས་པའི་རྒྱལ་ཁབ་ཞིག་གིས། ལོ་རེ་ནས་ལོ་རེ་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་སྐྱོན་འཛུགས་བྱེད་པ་དང་།  གང་འདོད་ཅི་འདོད་བཤད་ཀྱི་ཡོད་པས་རྒྱལ་ཁབ་དེའི་སོ་སོའི་ཚོར་སྣང་དེ་དྲའི་མཐོ་བ་ལ་ཨང་།  དེས་རང་ཉིད་ཀྱི་གཏམ་སྤྱོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་མང་པོ་མི་དགའ་བ་བཟོས་ཟིན་པ་ངོས་འཛིན་ཐུབ་དགོས།”ཞེས་ཀེང་ཧྲོང་གིས་བཤད།