འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་12ཉིན།

༄༅༎ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུང་བའི་དོན་རྐྱེན་ཐད་ཨེ་ཙེ་ཨོ་ཕི་ཡའི་
ཙུང་ཐུང་ས་ཧོ་ལེ་-ཝལ་ཁེ་དང་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་12ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུང་བའི་དོན་རྐྱེན་ནང་མི་སྣ་འབོར་ཆེན་རྐྱེན་ལམ་དུ་ཤོར་བའི་ཐད་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ས་ཧོ་ལེ་-ཝལ་ཁེ་དང་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་ཁག་སོ་སོར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
         ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་ཨེ་ཙེ་ཨོ་ཕི་ཡ་དང་ཁེན་ཉི་ཡ། ཀྲུང་གོ་བཅས་ཀྱི་སྤྱི་དམངས་ཚུད་པའི་མི་སྣའི་ཚེ་སྲོག་ལ་གྱོང་གུན་ཆེན་པོ་ཕོག་པ་གློ་བུར་དུ་ཤེས་ཚོར་བྱུང་བས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་བ་དང་། ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཨེ་ཙེ་ཨོ་ཕི་ཡའི་སྲིད་གཞུང་གིས་ནུས་ལྡན་ངང་ལས་མཇུག་ལེགས་བསྡུའི་བྱ་བ་བསྒྲུབས་པའི་ཡིད་ཆེས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་དེའི་ཐད་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་ནས། རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་འཚམས་འདྲི་ཞུས་གནང་བ་རེད།