འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

མེའོ་ཝུའེ་ཡིས་གསུངས་དོན། འདི་ལོ་སྒུལ་བདེའི་དྲ་རྒྱའི་རྒྱུག་འབོར་གྱི་ཆ་སྙོམས་གྲོན་དངུལ་སླར་ཡང་20%ཡན་གཅོག་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བཟོ་འཕྲིན་པུའི་པུའུ་ཀྲང་མེའོ་ཝུའེ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་བགྲོད་ལམ”དུ་གསུངས་དོན། འདི་ལོ་སྒུལ་བདེའི་དྲ་རྒྱའི་རྒྱུག་འབོར་གྱི་ཆ་སྙོམས་གྲོན་དངུལ་སླར་ཡང་20%ཡན་གཅོག་རྒྱུ་ཡིན་པ་དང་། ཁེ་ལས་འབྲིང་ཆུང་གི་དྲ་ཆེན་གྱི་ཆ་སྙོམས་གྲོན་དངུལ་སླར་ཡང་15%བཅགས་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་ཡག་པོ་སྐོང་ཐུབ་པ་བྱེད་རྒྱུ་ཡིན།
      ཉེ་བའི་ལོ་ཤས་རིང་། དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་རིན་གོང་གཅོག་རྒྱུའི་སྐོར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟུད་མར་འཁོད་ཡོད་པ་རེད།