འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་8ཉིན།

༄༅༎“སྐལ་བཟང་མེ་ཏོག་”“པད་མའི་གནས་མཆོག་”ལ་རབ་ཏུ་བཞད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་08ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་བོད་ལྗོངས་ཀྱི་གཞི་རིམ་སློབ་གསོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བཞིན་པའི་གནས་ཚུལ་ཡིན་པ།
པར་རིས་འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་བོད་ལྗོངས་ཀྱི་གཞི་རིམ་སློབ་གསོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བཞིན་པའི་གནས་ཚུལ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། “ཆེས་མཛེས་པའི་གྲོང་གསེབ་ཀྱི་དགེ་རྒན་ཡིན་ནའང་འདྲ། ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་ཡིན་ནའང་འདྲ་ཚང་མ་ངའི་སྔོན་ཆད་ཀྱི་གྲུབ་འབྲས་ལས་བྱུང་བའི་མཚན་སྙན་རེད། འོན་ཀྱང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པས་ཐོབ་ཐང་ལ་ཁྱད་པས། ངར་སྤོབས་སེམས་སྐྱེ་ཡི་འདུག་ལ་ཕྲག་ཐོག་གི་འགན་འཁྲི་ཡང་ཧ་ཅང་ལྕི་པོ་ཡོད་”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས་གསར་འགོད་པར་དེ་ལྟར་བཤད།
     གཞི་རིམ་གྱི་སློབ་གསོའི་ལས་དོན་སྒྲུབ་མཁན་དེའི་ངོ་གདོང་ནས་འཛུམ་མདངས་འཕྱུར་ཞིང་།   བབ་ཆགས་པའི་སྐད་ཆའི་ཐོག་ནས་གསར་འགོད་པར་རང་ཉིད་འཚར་ལོངས་བྱུང་རིམ་དང་འགན་ནུས་སྒྲུབ་རིམ་གླེང་བྱུང་། དཔྱིད་རླུང་ངོ་ལ་ལྡང་བ་དང་འདྲ་ལ།  མི་ལ་སེམས་འགུལ་ཆེན་པོ་ཐེབས་པའི་ཚོར་བ་ཞིག་སྦྱིན། སྐལ་བཟང་བདེ་སྐྱིད་ཞེས་པ་ནི་“དུས་རབས་བཟང་བ་དང་བདེ་སྐྱིད་”ཀྱི་ནང་དོན་ཡིན་པས་དེ་ནི་དོན་དང་མཚུངས་པ་ཞིག་འདུག
     མེ་ཏོག་རྫོང་ནི་མཐའ་མཚམས་སུ་གནས་པ་དང་། རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་དེ་ཡིན། མི་རྣམས་ཀྱིས་“བོད་དུ་སྐྱོད་དཀའ་ལ། མེ་ཏོག་རྫོང་དུ་དེ་བས་སྐྱོད་དཀའ་”ཞེས་བརྗོད་ཀྱི་ཡོད་པ་དེ་མེ་ཏོག་དུ་སྐྱོད་ཧ་ཅང་དཀའ་བ་མཚོན་གྱི་ཡོད་པ་རེད། སྐལ་བཟང་བདེ་སྐྱིད་ནི་མོན་པ་རིགས་ཡིན་པ་དང་། ཕ་ཡུལ་ནི་མེ་ཏོག་རྫོང་སྤང་ཞིང་ཤང་སྐེམ་སྡེང་གྲོང་ཚོ་ནས་ཡིན་པ་དང་།  དེ་སྔོན་ཆད་ས་ཐག་རིང་ལ་ལུང་ཁུག་དང་། དབུལ་ཕུངས། ཆ་འཕྲིན་མི་ཐོས་པ་བཅས་ཀྱི་ས་ཆ་ཞིག་ཡིན།
     2001ལོར་སློབ་གྲྭ་ཐོན་རྗེས།  ཁོང་གིས་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་ཕ་ཡུལ་དུ་ལོག་སྟེ་གྲོང་གསེབ་ཀྱི་དགེ་རྒན་ཞིག་བྱས་པ་རེད། སྐལ་བཟང་བདེ་སྐྱིད་ཀྱིས་“ཕ་ཡུལ་དུ་ངའི་བྱིས་དུས་ཡོད་ལ། ངའི་དྲན་ཤེས་ཡོད། ངའི་དད་མོས་ཡོད་ལ་ངའི་ཕུགས་བསམ་ཡོད་”ཅེས་བརྗོད། གྲོང་མི་ཚོས་སྐལ་བཟང་བདེ་སྐྱིད་ལ་མོན་པ་རིགས་ཀྱི་“ཕུགས་འདུན་འགྲུབ་མཁན་”ཞེས་འབོད་བཞིན་ཡོད་པ་རེད།  ཁོང་གིས་མེ་ཏོག་རྫོང་དུ་ལོ་20བརྟན་སྲུང་བྱས་ཡོད་ལ། རེ་བའི་སྒྲོན་མེས་མོན་པ་རིགས་ཀྱི་དུད་ཚང་རེ་རེའི་མུན་པ་གསལ་ཡོད། ལོ་འདི་དག་རིང་ཁོང་འགྱོད་པ་སྐྱེ་མྱོང་མེད།
     2013ལོར་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། མེ་ཏོག་རྫོང་གི་སློབ་གསོ་ཡང་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྐལ་བཟང་བདེ་སྐྱིད་ཀྱིས་ཕྲུ་གུ་ཚོས་“སློབ་གྲྭར་འགྲོ་བ་”ནས་“སློབ་གྲྭ་ཡག་པོར་འགྲོ་བའི་བར་”གྱི་བསྒྱུར་བ་བརྒྱུད་བཞིན་ཡོད་ཅེས་བརྗོད།
     སྐལ་བཟང་བདེ་སྐྱིད་ཀྱིས་“སློབ་གསོས་ངའི་མི་ཚེར་འགྱུར་ལྡོག་བཏང་བ་མ་ཟད། ད་དུང་ང་ལྟ་བུའི་གྲོང་གསེབ་ཏུ་འཚར་ལོངས་བྱུང་བའི་བྱིས་པ་རྣམས་ལ་འགྱུར་ལྡོག་བཏང་བཞིན་ཡོད། ངས་ཕྲུ་གུ་ཚོའི་འཚར་ལོངས་ཀྱི་ལམ་བུའི་ཁྲོད་རང་ཉིད་ཀྱི་ནུས་ཤུགས་འདོན་ཐུབ་པར་དགའ་ཚོར་ཆེན་པོ་སྐྱེ་གི་འདུག ཉེ་བའི་ལོ་ཤས་རིང་། སློབ་གསོར་གཏོང་ཆ་ཆེ་རུ་བཏང་བ་དང་། འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ། སློབ་གྲྭ་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཟམ་མི་ཆད་པར་མཐོ་རུ་བཏང་བ། སློབ་གསོའི་ཆ་འཕྲིན་ཅན་སློབ་ཚན་ནང་འདྲེས་པ། མེ་ཏོག་རྫོང་གི་སློབ་གསོར་སྤྱིའི་ཆ་ནས་སློབ་གཉེར་འགྲོ་གྲོན་གཏོང་བ་དང་མཁྲེགས་ཆས་སྒྲིག་བཀོད་སོགས་ནུས་ལྡན་ངང་མཐོ་རུ་འགྲོ་བ་མངོན་འགྱུར་བྱུང་ཡོད་”ཅེས་བཤད་པ་རེད།
     སྐལ་བཟང་བདེ་སྐྱིད་ཀྱིས་“ད་ལྟ། སློབ་གྲྭའི་ནང་དུ་མཛེས་རྩལ་ཁང་དང་། རོལ་མོ་ཁང་། ལུས་རྩལ་ཁང་སོགས་ཚང་མ་ཡོད་ལ། མཁྲེགས་ཆས་ཐོག་ས་གནས་གཞན་ལས་ཞན་པ་མེད། འོན་ཀྱང་ང་ཚོར་མེད་པ་ནི་སློབ་ཚན་དེ་དག་ཁྲིད་ཤེས་མཁན་གྱི་ཆེད་ལས་དགེ་རྒན་ཡིན་”ཞེས་བཤད་པ་དང་། “རྒྱལ་ཁབ་ཀྱིས་མཁྲེགས་ཆས་ཐོག་མ་དངུལ་གཏོང་རྒྱུར་ཤུགས་སྣོན་རྒྱག་ནས་མཐའ་མཚམས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཆབས་གཅིག སློབ་གསོའི་ཐད་མཉེན་ཆས་མ་དངུལ་གཏོང་རྒྱུར་ཡང་གཅིག་གྱུར་འཆར་འགོད་བྱ་རྒྱུར་བསམ་གཞིག་བྱས་ནས། མཐའ་མཚམས་ས་ཁུལ་གྱི་སློབ་མ་སློབ་གྲྭར་འགྲོ་རྒྱུ་ཡོད་པ་མ་ཟད། སློབ་གྲྭ་ཡག་པོར་འགྲོ་རྒྱུ་ཡོང་བའི་རེ་བ་ཡོད་”ཅེས་བརྗོད།
     སྐལ་བཟང་བདེ་སྐྱིད་ཀྱིས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་ཡོད་པ་དང་། ཁོང་གིས་“ང་ནི་མེ་ཏོག་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་བརྒྱུད་མྱོང་མཁན་ཞིག་ཡིན་པས། དེ་རིང་ང་ཚོར་ཐོབ་པའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་དང་།  བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་ལ།  རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་ངང་འབད་བརྩོན་ལྷོད་མེད་བྱས་པ་དང་ཡང་ཁ་འབྲལ་ཐབས་མེད། གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་། ལས་འགན་གྱིས་མི་རྣམས་ལ་སྟོབས་ཤུགས་སྦྱིན་ཡོད། གང་ཞིག་གིས་ཀྱང་ང་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་གཏོང་མི་ཐུབ་ལ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་རིམ་བཞིན་མངོན་འགྱུར་ཐུབ་ངེས་རེད་”ཅེས་བརྗོད་པ་རེད།
     ཆེས་བདེ་སྐྱིད་ལྡན་པ་ནི་“ཐོག་མའི་བསམ་འདུན་ལ་བློ་དཀར་བཅང་”ནས་ཕྲུ་གུ་ཚང་མར་ཡག་པོ་སློབ་པ་དང་།   ལྗང་པ་རེ་རེ་ཡག་པོ་གསོས་ནས། ཁོ་ཚོ་ཚང་མས་རང་དང་འདྲ་བར་ཤེས་བྱ་སྦྱོང་ཐུབ་པ་དང་བསམ་བློ་རྒྱ་ཆེར་གཏོང་ཐུབ་པ།   སྙིང་སྟོབས་ཆེ་ལ་བཅོས་མིན་གྱི་མི་ཞིག་བྱས་ཏེ། མི་དཀྱུས་མ་ཞིག་བྱེད་པ་ལས་མི་སྤྱིར་བཏང་བ་ཞིག་མི་བྱེད་པའི་བསམ་བློ་ཡོད་པ་བྱ་རྒྱུ་དེ་ཡིན། སྐལ་བཟང་བདེ་སྐྱིད་སེམས་ནང་གི་བདེ་སྐྱིད་དང་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད།