འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་9ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་དེ་རིང་ཚང་
འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་08ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་7ཉིན། ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་འཐུས་མིའི་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་། སྔོན་རྩིས་སྙན་སྒྲོན་ལ་ཞིབ་བཤེར་བྱ་རྒྱུ་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་འཆར་གཞིའི་སྙན་སྒྲོན་དང་སྔོན་བརྩིས་སྙན་སྒྲོན་ལ་ཞིབ་བཤེར་བྱ་རྒྱུ་དང་།  འཆར་གཞིའི་སྙན་སྒྲོན་དང་སྔོན་བརྩིས་སྙན་སྒྲོན་དང་འབྲེལ་བའི་ཞིབ་བཤེར་འབྲས་བུའི་སྙན་སྒྲོན་ཁག་སོ་སོར་འདོན་རྒྱུ་ཡིན་པ་རེད།
     ཕྱི་དྲོའི་ཆུ་ཚོད་3པའི་ཐོག རྒྱལ་ཡོངས་མི་དམངས་འཐུ་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ཉན་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེང་གིས་གནང་བའི་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་ཀྱི་འཆར་ཟིན་སྐོར་གྱི་གསལ་བཤད་ཉན་རྒྱུ་ཡིན་པ་རེད།
     ཚེས་8ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་ཐོག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་སུ་གསར་འགོད་པའི་ཚོགས་འདུ་འཚོགས་ནས་།  རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས“ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི”སྐོར་གྱི་གནད་དོན་ཐད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་རྒྱག་རྒྱུ་ཡིན་པ་རེད།