འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་7ཉིན།

༄༅།།ཅང་ཤིས་ཞིང་ཆེན་དབྱིང་ཐན་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅི་འཐུས་མི་ཀུའོ་ཨན་གྱིས་གསུངས་དོན། 

སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པའི་རྒྱུགས་ལན་ཡག་པོ་འབུལ་དགོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་07ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཤིས་སུ་གཟིགས་ཞིབ་གནང་སྐབས་ལྗང་མདོག་སྣོད་བཅུད་ནི་ཅང་ཤིས་ཀྱི་རྒྱུ་ནོར་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། སྤུས་རྟགས་ཆེ་ཤོས་བཅས་ཡིན་པའི་ནན་བཤད་གནང་ཡོད” ཅང་ཤིས་ཞིང་ཆེན་དབྱིང་ཐན་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅི་འཐུས་མི་ཀུའོ་ཨན་གྱིས “སྔོ་ཞིང་དྭངས་བའི་རི་ཆུ‘གསེར་རི་དངུལ་རི་ཡིན་པའི’འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྦགས་བཙོག་འགོག་བཅོས་ལ་ཤུཌ་སྣོན་བརྒྱབ་ནས་ལྗང་མདོག་འཕེལ་རྒྱས་མགྱོགས་སུ་བཏང་ཐོག མི་དམངས་མང་ཚོགས་ཀྱི་ལྗང་མདོག་གི་ཐོབ་ཚོར་དང་འཚོ་བའི་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་བཏང་ནས་སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པའི་རྒྱུགས་ལན་ཡག་པོ་འབུལ་དགོས”ཞེས་གསུངས་པ་རེད།
     དབྱིང་ཐན་གྱི་ཆུ་རྒྱུན་གཙོ་བོའི་བཅད་ཁའི་སྤུས་ཚད་དང་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྤུས་ཚད་ཚད་ལོན་ཚད་ཆ་སྙོམས་100%ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་ལེགས་ཚད་88.2%ཟིན་པ། PM10གར་ཚད་ཞིང་ཆེན་ཡོངས་ཀྱི་དམའ་ཤོས་སུ་སླེབས་པ། ནགས་ཚལ་ཁྱབ་ཚད་58.23%ཟིན་པ་བཅས་བྱུང་ནས་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་དང་། ཀྲུང་གོའི་སྡོད་མལ་ལ་འཚམ་ཤོས་ཀྱི་སོས་དལ་གྲོང་ཁྱེར། གོ་ལ་ཧྲིལ་པོའི་དྲ་དམངས་ཀྱིས་འོས་སྦྱོར་བྱས་པའི་ཀྲུང་གོའི་སྣོད་བཅུད་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད་པ་རེད།
     “ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་དེ་བས་ཡག་ཏུ་འགྲོ་བ་ལས་གཞན་དུ་མི་འགྲོ་བའི་འགན་འཁྲིའི་མཐའ་ཚད་སྲུང་དགོས”ཞེས་འཐུས་མི་ཀུའོ་ཨན་གྱིས་གསུངས་པ་རེད། དབྱིན་ཐན་དུ“ཕྱག་མ་གཅིག་གིས་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་གད་བདར་བྱ་རྒྱུ་དང་། གློག་དྲ་གཅིག་གིས་ས་ཁོངས་ཧྲིལ་པོར་ཁྱབ་རྒྱུ”ལག་བསྟར་བྱས་ཏེ་འཚོ་བའི་གད་སྙིགས་གཞི་གཅིག་ཅན་དུ་གཙང་སེལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་བྱེད་ཚད་100%དང་95%ཁག་སོ་སོར་ཟིན་ཡོད་པ་དང་། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ“ཆུ་གཙང་སེལ་གྱི་བྱ་སྤྱོད”ཏན་ཏིག་སྤེལ་ནས་ཁྲིམས་སྐྱོང་གི་ལམ་སྲོལ་གསར་གཏོད་བྱས་ཐོག་བཅོས་སྐྱོང་གི་དཀའ་གནད་མང་པོ་སེལ་བ། རྡོ་སོལ་གྱི་སྦགས་བཙོག་དང་། བཟོ་ལས་ཀྱི་རླངས་སྙིགས། གྲོང་ཁྱེར་གྱི་ཐལ་རྡུལ། ཤོག་སྦག་ཚོན་ཁྲ་ཅན་སྤོར་རྒྱུ་བཀག་འགོག་སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཀྱི་མཁའ་རླུང་གཙང་མ་དང་། རི་སྔོ་ཆུ་དྭངས། འདབ་ཆགས་སྐད་སྙན། མེ་ཏོག་དྲི་ཞིམ་འཐུལ་བ་བཅས་ཡོང་བར་བྱ་རྒྱུ་རེད།