འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་6ཉིན།

༄༅།།ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད་སྒོ་བསྟེན་སྨན་བཅོས་བྱེད་པའི་སྨན་རིན་སྨན་བཅོས་
འགན་བཅོལ་གྱི་འགྲོ་སོང་ནང་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་06ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། སྐྲན་ནད་འགོག་པའི་བྱ་སྤྱོད་ལག་བསྟར་བྱས་ནས། སྔོན་ནས་ནད་དཔྱད་ཐུབ་པ་དང་སྔོན་ནས་སྨན་བཅོས་ཐུབ་པའི་ཚན་རིག་ཞིབ་འཇུག་གི་འགག་གནད་སྒྲོལ་ཏེ། ནུས་ཤུགས་ཆེན་པོས་དམངས་འཚོའི་དཀའ་གནད་སེལ་དགོས། རྒྱུན་དུ་མཐོང་བའི་དལ་བའི་རང་བཞིན་གྱི་ནད་རིགས་སྔོན་འགོག་ཡག་པོ་བྱས་ཏེ། ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་ནད་སོགས་ཀྱི་སྒོ་བསྟེན་སྨན་བཅོས་བྱེད་པའི་སྨན་རིན་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་ནང་བཀོད་པ་རེད།
     གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ། རང་རྒྱལ་གྱི་སྐྲན་ནད་ནད་བཅོས་མ་ལག་ད་ལྟ་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་པིན་གྱིས་ངོ་སྤྲོད་བྱས་དོན། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་སྐྲན་ནད་ལྟེ་གནས་དང་།  ས་ཁོངས་ཀྱི་སྐྲན་ནད་ནད་དཔྱད་ལྟེ་གནས། འབྲས་སྐྲན་གྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ཚན་སྐྲུན་འགོ་འཚུག་ཡོད་ཅིང་། འབྲས་སྐྲན་སྨན་ཁང་དང་། ཕྱོགས་བསྡུས་སྨན་ཁང་གི་འབྲས་སྐྲན་ཚན་ཁག གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། ནད་གསོའི་སྨན་ཁང་། སེམས་སྐྱིད་ནད་བཅོས་ལྟེ་གནས་བཅས་ཀྱིས་གཙོ་བོ་བྱེད་པའི་སྐྲན་ནད་སྨན་བཅོས་དང་ནད་གསོའི་མ་ལག་་སྒྲུབ་བཞིན་ཡོད་པ་རེད།
   ལི་པིན་གྱིས། རང་རྒྱལ་གྱིས་འབྲས་སྐྲན་ཐོ་བཀོད་ཀྱི་ལོ་རེའི་སྙན་ཞུའི་ལམ་ལུགས་བཙུགས་ཡོད་ཅིང་། མིག་སྔར། རྒྱལ་ཡོངས་སུ་འབྲས་སྐྲན་གྱི་ནད་ཐོ་འགོད་གནས་574བཙུགས་ཟིན་ཞིང་། མི་དུང་ཕྱུར་4.38ལ་ཁྱབ་པ་དང་། རང་རྒྱལ་གྱི་འབྲས་སྐྲན་གྱི་ནད་ཕོག་མཁན་དང་། འཆི་བ། འཚོ་གནས་ཀྱི་གནས་ཚུལ། དེ་བཞིན་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁྱོན་ཡོངས་ནས་དམ་འཛིན་བྱས་ཡོད། གོ་རིམ་རྗེས་མར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་ཀྱི་ལག་བསྟར་བྱ་ཐབས་མུ་མཐུད་སྤེལ་ནས་སྐྲན་ནད་འགོག་བཅོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱབ་སྟེ། སྐྲན་ནད་ལས་འཆི་བའི་མི་གྲངས་ཉུང་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་སྔར་བས་ཡག་པོ་བསྐངས་རྒྱུ་ཡིན་ཞེས་བརྗོད་པ་རེད།