འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་6ཉིན།

༄༅།།ཨུ་ཡོན་ཚོས་ཚོ་ཆུང་གི་ཚོགས་འདུའི་ཐོག་འདི་ལྟར་གྲོས་བསྡུར་བྱེད་བཞིན་འདུག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་06ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨུ་ཡོན་ཚོས་ཚོ་ཆུང་གི་ཚོགས་འདུའི་ཐོག་འདི་ལྟར་གྲོས་བསྡུར་བྱེད་བཞིན་འདུག
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན། གྲོས་རིམ་གྱི་བཀོད་སྒྲིག་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་རེད། ལས་རིགས་34ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་སྡོད་གནས་ཀྱི་མགྲོན་ཁང་དུ་སྙན་སྒྲོན་གཉིས་ལ་ནན་ཏན་ངང་གྲོས་ཞིབ་བྱས་པ་རེད།
     ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་དང་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ལས་རིགས་ཚོགས་ཆུང་གི་ཚོགས་འདུའི་ཐོག  ཨུ་ཡོན་ཚོས་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་ནས། རྒྱལ་ཇུས་མཉམ་གྲོས་དང་།  ཐབས་འདོན་སྲིད་སྐྱོང་། རང་འགན་གཙང་སྒྲུབ་བྱས་པས།  ཨུ་ཡོན་ཚོས་གཏམ་བཤད་སྤེལ་རྒྱུར་འཚང་ཁ་རྒྱག་པའི་གནས་ཚུལ་ཐེངས་མང་ཐོན་ཡོད། ཚང་མས་ཨུ་ཡོན་གཞན་གྱི་གཏམ་བཤད་ནན་ཏན་ངང་ཟིན་བྲིས་རྒྱག་པ་དང་། ལོ་གཅིག་རིང་གི་རང་འགན་སྒྲུབ་པའི་གནས་ཚུལ་དང་། ཉམས་མྱོང་དང་བསམ་འཆར་བཟང་པོར་མཉམ་དུ་དགའ་བསུ་ཞུས་ནས་བསྟོད་བསྔགས་བྱས། དཀའ་ངལ་སྣ་ཚོགས་འཕྲད་སྐབས་ཀྱི་གནད་ཚུལ་ཤོད་སྐབས། ཚང་མས་མཉམ་དུ་དོ་སྣང་ཆེན་པོ་བྱས་ཏེ། དེར་ཐབས་འདོན་ཇུས་བཀོད་བྱེད་རོགས་བྱས་པ་རེད།
【1】  【2】
༄༅།།ཨུ་ཡོན་ཚོས་ཚོ་ཆུང་གི་ཚོགས་འདུའི་ཐོག་འདི་ལྟར་གྲོས་བསྡུར་བྱེད་བཞིན་འདུག