འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་6ཉིན།

༄༅།།2019ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་ཚད་6%ནས་6.5%བར་གཏན་འཁེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་06ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཁྱབ་བསྒྲགས་བྱས་ཡོད། དེའི་ནང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བའི་སྔོན་དཔག་དམིགས་ཚད་6%ནས་6.5%བར་ཡིན་པ་རེད།
    སྙན་སྒྲོན་ནང་། སྔོན་དཔག་དམིགས་ཚད་གཙོ་བོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་མངོན་ཡོད་ལ་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ཕན་ཚུན་འབྲེལ་མཐུད་དང་། ཧ་ཅང་དགེ་མཚན་ལྡན་ལ་འཚམ་པོ་ཡོད་པ་བསྟན་ཡོད།
     ན་ནིང་ཀྲུང་གོའི་དཔལ་འབྱོར་6.6%འཕར་ཏེ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་90ཡི་སྐས་རིམ་གསར་པའི་ཐོག་སླེབས་ནས་བརྟན་ཐོག་ཡར་འཕེལ་གྱི་གྲུབ་འབྲས་ཐོན་ཡོད་པ་རེད།
     རིགས་གཅིག་མཁས་ཅན་གྱིས་2019ལོར་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་ཚད་ཀྱི་བར་མཚམས་བཀོད་སྒྲིག་ལས་དཔལ་འབྱོར་འཁོར་རྒྱུག་རྣམ་པའི་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མངོན་པའི་ངོས་འཛིན་བྱས་ཡོད་པ་རེད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་ཡོན་ཀྲང་པའེ་ཁྲུང་ཨེན་གྱིས་དབྱེ་ཞིབ་བྱས་པར། དཔལ་འབྱོར་འཕར་ཚད་6%ནས་6.5%བར་རྒྱུན་འཁྱོངས་བྱས་ཚེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་ཕན་པ་ཡོད།