འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་5ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་ཝང་ཁྲེན་
ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་བྱས་པ་དང་ཚོགས་འདུའི་དུས་ཡུན་
ཉིན་10དང་ཉིན་ཕྱེད་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་05ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་དང་འབྲེལ་བའི་གནད་དོན་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 
ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཡེ་སུའུ་ཡིས་ངོ་སྤྲོད་བྱས་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་འཐུས་མི་2975ཡོད་པ་དང་།  མིག་སྔར་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པའི་འཐུས་མི་2956བྱུང་ཡོད་པ་རེད།  ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་སྒྲུབ་ཟིན་ཡོད། དེ་རིང་སྔ་དྲོ་ཚོགས་ཆེན་གྱིས་གྲ་སྒྲིག་ཚོགས་འདུ་འཚོགས་པ་དང་། ཚོགས་ཆེན་གྱི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་དང་། མི་176ལས་གྲུབ་པའི་ཀྲུའུ་ཞི་ཚོགས་པ་བདམས་ཐོན་བྱུང་ཞིང་།  ཝང་ཁྲེན་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་བར་བདམས་ཐོན་བྱུང་བ་རེད།  ཚོགས་ཆེན་ཟླ་3ཚེས་5ཉིན་འགོ་ཚུགས་རྒྱུ་དང་། ཟླ་3ཚེས་15ཉིན་གྱི་སྔ་དྲོར་མཇུག་སྒྲིལ་རྒྱུ་ཡིན་ཞིང་། དུས་ཡུན་ཉིན་10དང་ཉིན་ཕྱེད་ཡིན་པ་རེད།